作词 : 才让先
作曲 : 才让先
编曲 : 才让先
ཁྲུང་ཁྲུང་ལགས།
གཞས་མ།མེ་ན་ཀཱ།
བྱ་ཁྲུང་ཁྲུང་དཀར་མོ་གཤོག་ཡག་མ།
(སོ་ལོ་ནས་ལ་མོ)རྒྱང་རིང་གང་ནས་བྱོན་པ་(ལ་)ཡིན།
མགོ་བསྒུར་ནས་སྨྲེང་བ་སུ་ལ་བཤད།
(སོ་ལོ་ནས་ལ་མོ)སྙིང་ཉེ་སུ་ཡི་འཕྲིན་ཁྱེར་(ལ་)ཡིན།
ཡེ། ལ་མོ་ཡི་རྒྱབ་ན། ཞེ་འདྲེས་ཀྱི་ན་ཆུང་།
གནས་བཟོད་ནི་བདེའམ།(ལོ)
ཡེ། རྒྱང་རིང་གི་བྱམས་པས། དྲན་གདུང་ལ་བསྙལ་བའི།
སྙིང་གཏམ་དེ་ག་འདྲ་རེད།
(སོ་ལོ་ནས་ལ་མོ)ཁྲུང་ཁྲུང་གཤོག་ཡག་མ།
(སོ་ལོ་ནས་ལ་མོ)ཁྲུང་ཁྲུང་གཤོག་ཡག་མ།
བྱ་ཁུ་བྱུག་སྔོན་མོ་གསུང་ཡག་མ།
(སོ་ལོ་ནས་ལ་མོ)རྒྱང་རིང་གང་ནས་བྱོན་པ་(ལ་)ཡིན།
སྐད་སྙན་མོས་དྲན་པ་སུ་ལ་ལེན།
(སོ་ལོ་ནས་ལ་མོ)སྙིང་ཉེ་སུ་ཡི་གཏམ་སྐྱེལ་(ལ་)ཡིན།
ཡེ། ལ་མོ་ཡི་རྒྱབ་ན། ཞེ་འདྲེས་ཀྱི་ན་ཆུང་།
གནས་བཟོད་ནི་བདེའམ།(ལོ)
ཡེ། ཆུ་མོ་ལས་དྭངས་ཤིང་། ཟླ་འོད་ལས་འཇམ་པའི།
སྙིང་གཏམ་དེ་ག་འདྲ་རེད།
(སོ་ལོ་ནས་ལ་མོ)ཁུ་བྱུག་གསུང་ཡག་མ།
(སོ་ལོ་ནས་ལ་མོ)ཁུ་བྱུག་གསུང་ཡག་མ།
བྱ་ངང་སེར་གསེར་གྱི་ཆོས་གོས་ཅན།
(སོ་ལོ་ནས་ལ་མོ)རྒྱང་རིང་གང་ནས་བྱོན་པ་(ལ་)ཡིན།
སྒྲོ་སེར་མའི་སྟེང་ལ་མཚལ་ཡིག་བབས།
(སོ་ལོ་ནས་ལ་མོ)སྙིང་ཉེ་སུ་ཡི་ཕོ་ཉ་(ལ་)ཡིན།
ཡེ། ལ་མོ་ཡི་རྒྱབ་ན། ཞེ་འདྲེས་ཀྱི་ན་ཆུང་།
གནས་བཟོད་ནི་བདེའམ།(ལོ)
ཡེ། ཡ་ཆུང་ནས་འཐོར་བའི། སྨྲེང་སྐྱོ་ལ་འདྲེས་པའི།
སྙིང་གཏམ་དེ་ག་འདྲ་རེད།
(སོ་ལོ་ནས་ལ་མོ)ངང་ཆུང་གསེར་མགོ་མ།
(སོ་ལོ་ནས་ལ་མོ)ངང་ཆུང་གསེར་མགོ་མ།