༡.ངས་བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག།
ང་གླུ་བའི་ཤུལ་ལ་བལ་ཞིག་འཐེན།།
བལ་ཁ་ཆུ་འཛོམས་པའི་བཀྲ་ཤིས་ཤོག།
༢.ངས་བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག།
ང་གླུ་བའི་ཤུལ་ལ་ནས་ཞིག་གཙུབ།།
ནས་འབྲུ་དྲུག་འཛོམས་གི་བཀྲ་ཤིས་ཤོག།
༣.ངས་བཀྲ་ཤིས་འཇོག་ན་བཀྲ་ཤིས་འཇོག།
ང་གླུ་བའི་ཤུལ་ལ་ཆང་ཞིག་གཞོག།
ཆང་བདུད་རྩི་འཛོམས་པའི་བཀྲ་ཤིས་ཤོག།