作词 : ཚིག______འབྱོ”མུན་རྒོལ།
作曲 : 印度
ང་ཡི་བོད།
ཚིག འབྱོ་མུན་རྒོལ།
དབྱངས། རྒྱ་གར།
གཞས་པ། གཅོད་པ།
ཕོ་བྲང་དམར་པོ་ཉི་མ་འདྲ།
ཕོ་བྲང་དཀར་པོ་ཟླ་བ་འདྲ།
ཉི་མ་ཟླ་བའི་འོད་སྣང་གིས་འཛམ་གླིང་ཁྱབ།
འཛམ་བུ་གླིང་གི་གཙུག་རྒྱན་འདི།
བོད་ཀྱི་ཕ་མཁར་རེད།
ང་ཡི་ཕ་མཁར་ལགས།
ང་ཡི་ཕ་མཁར་ལགས།
ཕོ་བྲང་པོ་ཏ་ལ་འདི།།
སྲོང་བཙན་སྒམ་པོའི་མཁར་རེད།།
སུམ་གཉིས་ས་ཡི་དཀྱིལ་འཁོར།།
དབང་དུ་བསྡུས་ས་འདི་ཡིན།།
སུམ་གཉིས་ས་ཡི་དཀྱིལ་འཁོར།།
དབང་དུ་བསྡུས་ས་འདི་ཡིན།།
དབྱངས་གསལ་སོ་བཞི་ངག་གི་རྒྱན།
ཕ་སྐད་གཙང་མ་རང་གི་སྲོག
ང་ཡི་བླ་སྲོག་བཟང་པོ་འདི་འཛམ་གླིང་ཁྱབ།
ཕ་སྐད་མ་ཡིག་དྭངས་མ་འདི།
བོད་ཀྱི་བླ་སྲོག་རེད།
ང་ཡི་བླ་སྲོག་ལགས།
ང་ཡི་བླ་སྲོག་ལགས།
སློབ་དཔོན་ཨ་ནུའི་རྣམ་དཔྱོད།།
འཛམ་གླིང་རྒྱན་དུ་མཛེས་སོང་།།
རིན་ཐང་ཆེ་བའི་རྒྱན་ཆ།།
དབྱངས་གསལ་སོ་བཞི་འདི་ཡིན།།
རིན་ཐང་ཆེ་བའི་རྒྱན་ཆ།།
དབྱངས་གསལ་སོ་བཞི་འདི་ཡིན།།
སྦྲ་ཁྱིམ་དར་མདུང་རྒྱན་པ་འདི།
མི་ཕམ་གཡུལ་ལས་རྒྱལ་བའི་རྟགས།
དར་ལྕོག་ལྷབ་ལྷུབ་གཡོ་བ་འདི་འཛམ་གླིང་ཁྱབ།
ཁ་ལས་རླུང་རྟ་ཡར་ལ་བསྟོད།
བོད་ཀྱི་གཞིས་ཁྱིམ་རེད།
ང་ཡི་སྦྲ་ནག་ལགས།
ང་ཡི་སྦྲ་ནག་ལགས།
སྲིད་པའི་སྦྲ་ནག་གུང་དགུ།།
ཕ་དང་མེས་པོ་འཁོར་ས།།
སྒྱེད་པུ་ཅན་གྱི་སྦྲ་ནག།
ཐུ་བྷོད་བཙན་པོའི་ཁྱིམ་རེད།།
སྒྱེད་པུ་ཅན་གྱི་སྦྲ་ནག།
ཐུ་བྷོད་བཙན་པོའི་ཁྱིམ་རེད།།
ཡ་རབས་སྲོལ་བཟང་མི་ཡི་རྒྱན།
ཀུན་སྤྱོད་བཟང་པོ་རང་གི་རྒྱན།
སྤྱོད་པ་བཟང་པོའི་སྲོལ་བཟང་གིས་འཛམ་གླིང་ཁྱབ།
འཛམ་གླིང་ཞི་བདེའི་རེ་སྨོན་འདི།
བོད་ཀྱི་སྨོན་ལམ་རེད།
ང་ཡི་སྤྱོད་བཟང་ལགས།
ང་ཡི་སྤྱོད་བཟང་ལགས།
མགོ་ནག་བོད་ཀྱི་མི་འདི།།
བཙན་པོ་ཚང་གི་རྒྱུད་རེད།།
དཔའ་ངར་སྙིང་སྟོབས་ལྡན་ཞིང་།།
སྤྱོད་པ་བཟང་པོའི་རྒྱན་ཡོད།།
དཔའ་ངར་སྙིང་སྟོབས་ལྡན་ཞིང་།།
སྤྱོད་པ་བཟང་པོའི་རྒྱན་ཡོད།།