作词 : 久巴
作曲 : 久巴
གཞས་ཚིག གཅོད་པ་དང་ཆ་རུ།
གཞས་གདངས། གཅོད་པ།
གཞས་པ། གཅོད་པ།
ཁྱོད་འགྲོ་རོགས་སྐྱ་ཡ་མེད་ན།།
ངའི་སེམས་ན་དགའ་ལོ་གཞན་མེད།།
ཁྱོས་ང་ལ་བརྩེ་བ་ཡོད་ན།།
ངས་ཁྱོད་ལ་དུང་བ་ལོས་ཡོད།
ཁྱོད་ཡོད་ས་སྡེ་ཆེན་སྟོད་རེད།།
ང་ཡོད་ས་སྡེ་ཆེན་སྨད་རེད།།
སྡེ་ཆེན་པོའི་དཀྱིལ་ལ་འཛོམ་དུས།།
ཚེ་སྔོན་མའི་ལས་འཕྲོ་ལོས་ཡིན།།
རོགས་ངེད་གཉིས་སེམས་པ་མཐུན་ན༎
ཁྱོད་འུ་གཉིས་བར་གྱི་མནའ་ཚིག།
སྙིང་དམར་པོའི་སྟེང་གི་ཚིག་གསུམ༎
ཁ་མི་འབྲལ་དམ་བཅའ་འཇོག་ཆོག།
ངའི་དམ་བཅའ་རྡོ་རྗེའི་འདུད་པ།།
ཚེ་གཅིག་གི་དམ་ཚིག་ཡིན་པས།།
ལས་དམ་ཚིག་མཐུན་པའི་རོགས་དགའ།།
སྙིང་དམར་པོའི་དགའ་ལོ་ཁྱོད་ཡིན།།