作词 : 民间
作曲 : 民间
ཚིག་དམང་ཁྲོད་།
གདངས་དམང་ཁྲོད།
གཞས་མ་གཅོད་པ།
ལ་གཅིག་རྒྱབ་ལ་གཉིས་རྒྱབ་ལ་གསུམ་རྒྱབ།
ལ་དང་པོ་རྒྱབ་དུས་ངའི་ཨ་མ་དྲན།
ངའི་ཨ་མ་མ་དྲན་རང་དྲན་ཡིན།
ཟས་དང་པོ་གཏེར་མཁན་ཨ་མ་རེད།
ལ་གཅིག་རྒྱབ་ལ་གཉིས་རྒྱབ་ལ་གསུམ་རྒྱབ།
ལ་གཉིས་པ་རྒྱབ་དུས་ངའི་ཨ་ཕ་དྲན།
ངའི་ཨ་ཕ་མ་དྲན་རང་དྲན་རེད།
གོས་དང་པོས་གཡོག་མཁན་ཨ་ཕ་ཡིན།
ལ་གཅིག་རྒྱབ་ལ་གཉིས་རྒྱབ་ལ་གསུམ་རྒྱབ།
ལ་གསུམ་པ་རྒྱབ་དུས་ངའི་གྲོགས་མོ་དྲན།
ངའི་གྲོགས་མོ་མ་དྲན་རང་དྲན་རེད།
སྡུག་སྔོན་མོ་ཆུ་ལ་མཉམ་མཐུང་རེད།
ལ་གཅིག་རྒྱབ་ལ་གཉིས་རྒྱབ་ལ་གསུམ་རྒྱབ།
ལ་བཞི་པ་རྒྱབ་དུས་ངའི་ཕ་ཡུལ་དྲན།
ངས་ཕ་ཡུལ་མ་དྲན་རང་དྲན་རེད།
ང་སྐྱེ་ས་ཚར་ས་ཕ་ཡུལ་ཡིན།
བོད་ཁ་བ་ཅན་གྱི་གནས་མཆོག་དེ།
སྟག་ཤར་པ་ང་ཡི་སྐྱེ་ས་ཡིན་སྨན་བུ་མོ་ང་ཡི་ཚར་ས་ཡིན།
སྟག་ཤར་པ་ང་ཡི་སྐྱེ་ས་ཡིན་སྨན་བུ་མོ་ང་ཡི་ཚར་ས་ཡིན།