作词 : 布哒
作曲 : 罗萨
男:
བཀྲ་ཤིས་ཕུན་ཚོགས་གཟའ་ཚེས་ཉིན་བཟང་ལ། ཡེ།
དགྱེས་པའི་གླུ་ཞིག་མཆོད་པའི་རྟེན་དུ་འབུལ།
ཁྲོམ་པ་གཞིས་ལ་འཛོམས་པས་སྐྱིད་པ་ལ།
འཛོམས་སྐལ་ཡང་ཡང་བྱུང་བའི་རྟེན་འབྲེལ་ཡག
བསྭོ་ཡེ། ཡ་རེ་ལོ་ཡེ།
合:
ཁྲོམ་པ་གཞིས་ལ་འཛོམས་པས་སྐྱིད་པ་ལ།
འཛོམས་སྐལ་ཡང་ཡང་བྱུང་བའི་རྟེན་འབྲེལ་ཡག
女:
ཁང་བཟང་ཀ་བརྒྱ་གྲུ་བཞིའི་ནང་རོལ་དུ། ཡེ།
དབང་ཐང་སྐུ་བསོད་ཅན་གྱི་ཕ་ཁུ་བཞུགས།
མཛེས་པའི་ན་ཆུང་དར་མའི་ཚོགས་ཀྱང་འཛོམས།
མི་ངོ་ལྷ་ཞལ་མཇལ་བའི་བསོད་ནམས་ལེགས། ཡེ།
བསྭོ་ཡེ། ཡ་རེ་ལོ་ཡེ།
合:
མཛེས་པའི་ན་ཆུང་དར་མའི་ཚོགས་ཀྱང་འཛོམས།
མི་ངོ་ལྷ་ཞལ་མཇལ་བའི་བསོད་ནམས་ལེགས།
男:
ཆང་ཕོར་འབྲུག་རིས་གཡས་སུ་འཁྱིལ་བའི་ནང་། ཡེ།
འབྲུ་ལྔའི་ཉིང་ཁུ་ནས་ཆང་སྔོན་མོ་ལྟེམས།
དྲི་མེད་ལྷ་དར་དཀར་བོའི་ལྕིབ་དང་བཅས།
འདུ་ཚོགས་ཁྲོམ་པ་དགྱེས་པའི་མཆོད་ཅིག་འཕེན།
བསྭོ་ཡེ། ཡ་རེ་ལོ་ཡེ།
合:
དྲི་མེད་ལྷ་དར་དཀར་བོའི་ལྕིབ་དང་བཅས།
འདུ་ཚོགས་ཁྲོམ་པ་དགྱེས་པའི་མཆོད་ཅིག་འཕེན།
女:
རི་མཐོ་ས་གཙང་སྨན་ལྗོངས་ཕྱུག་མོ་ལ།
བྱིན་ཆེན་གཡང་གི་རུ་མ་བརྟན་པར་སྨོན།
སྨོན་ལམ་བཟང་བོ་དཀར་བོའི་དགེ་འབྲས་ལས།
འགྲོ་ཀུན་རླུང་རྟའི་བ་དན་ཡར་ལ་བསྐྱེད། ཡེ།
བསྭོ་ཡེ། ཡ་རེ་ལོ་ཡེ།
合:
སྨོན་ལམ་བཟང་བོ་དཀར་བོའི་དགེ་འབྲས་ལས།
འགྲོ་ཀུན་རླུང་རྟའི་བ་དན་ཡར་ལ་བསྐྱེད།
སྙན་པའི་དབྱངས་ཀྱི་འགྱུར་ཁུགས་རེ་རེ་ན། ཡེ།
བཀྲ་ཤིས་དགེ་མཚན་རྒྱས་པའི་སེམས་འདུན་ཡོད།
ཟོལ་མེད་སྙིང་ལས་བརྡོལ་བའི་དགྱེས་པའི་གླུ།
བདག་གི་མགྲིན་པའི་ཁབ་ནས་དབང་མེད་ཤོར།
བསྭོ་ཡེ། ཡ་རེ་ལོ་ཡེ།
ཟོལ་མེད་སྙིང་ལས་བརྡོལ་བའི་དགྱེས་པའི་གླུ།
བདག་གི་མགྲིན་པའི་ཁབ་ནས་དབང་མེད་ཤོར། ཡེ།
བདག་གི་མགྲིན་པའི་ཁབ་ནས་དབང་མེད་ཤོར། ཡེ།