作词 : 钦·洛桑念扎堪布
作曲 : 谢旦
རབ་འབྱམས་རྒྱལ་བའི་མེས་པོ་ཀུན་ཏུ་བཟང་།
ཧེ། དགའ་རབ་རྡོ་རྗེ་ཤྲཱི་སེང་བི་མ་ལ། ཡེ།
བཀའ་དྲིན་མཉམ་མེད་མཁའ་ཀློང་ཡང་པ་རྩལ།
རྣམ་གསུམ་ཡོ་གའི་དོན་ལ་མཁས་པ་མཆོག
ཀུན་བཟང་བཞད་པའི་རྡོ་རྗེ་སྙིང་ནས་དྲན།
ཧེ། སྒོ་གསུམ་འགྱུར་མེད་བརྟན་པོས་བདག་ཕྱག་འཚལ།
འཇའ་ལས་ཆོས་སྐུ་འགྲུབ་པའི་དངོས་གྲུབ་ཞུ།
ཕྱོགས་མེད་མོས་གུས་མཐའ་རུ་ཕྱིན་པར་ཤོག
དུས་གསུམ་རྒྱལ་བའི་བྱིན་རླབས་མ་ལུས་པ།
ཧེ། རིགས་གསུམ་སེམས་དཔའི་ངོ་བོར་ཤར་པ་ཡི།
གསུམ་ལྡན་ངུར་སྨྲིག་གར་གྱི་རྣམ་རོལ་བ།
བཀའ་དྲིན་མཉམ་མེད་ཙོང་ཁ་པ་ལ་འདུད།
སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།
ཧོ། སྐུ་གསུམ་མྱུར་དུ་ཐོབ་པའི་དངོས་གྲུབ་ཞུ།
བྱིན་རླབས་ཟད་པ་མི་པའི་བཀྲ་ཤིས་སྩོལད།
ཚེ་གཅིག་སངས་རྒྱས་མྱུར་དུ་ཐོབ་པར་ཤོག
ཆོས་ཀུན་ཀུན་ནས་གསལ་བར་གཟིགས་པ་ཡི།
ཧེ། ལུང་རིགས་མང་ཐོས་རྒྱ་མཚོའི་ཕ་རོལ་སོན།
བྱམས་བརྩེའི་གདུལ་བྱ་སྐྱོང་བའི་ཐབས་མཁས་པ།
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།
འདི་སྣང་ཞེན་ལོག་དམ་ཚིག་སྡོམ་པར་ལྡན།
ཧེ། ཐོས་བསམ་སྒོམ་ལ་རབ་དུ་བརྩོན་པ་ཡི།
བླ་མའི་བཀའ་བཞིན་སྒྲུབ་པ་སློབ་མའི་མཆོག
གུས་སློབ་ཡིད་འགུག་རྣམ་ལ་གསོལ་བ་འདེབས།
ཚེ་ཆོས་མཐའ་རུ་ཕྱིན་པར་བཀྲ་ཤིས་ཤོག
ཚེ་ཆོས་མཐའ་རུ་ཕྱིན་པར་བཀྲ་ཤིས་ཤོག