作词 : 索西达吉
作曲 : 索西达吉
ལས་མཐུན་གྱི་སྤུན་ཟླ་ཚོ། ཨོ་་་་་་
ཁ་བའི་ལྗོངས་ལ་ནི་འཛོམས་ཤོག
ང་ཚོ་མཉམ་དུ་སྐྱིད་པའི་གླུ་དབྱངས་ཤིག་ལེན་ལ་ཤོག ཡེ།
ཕ་ཡུལ་གངས་ལྗོངས་དབུ་འཕང་མཐོ་བའི་རྟེན་འབྲེལ་ཞིག་སྒྲིག
བོད་རིགས་སྤུན་ཟླའི་བསོད་ནམས་རྒྱས་པའི་སྨོན་ལམ་ཞིག་འདེབས།
ཕ་ཡུལ་གངས་ལྗོངས་དབུ་འཕང་མཐོ་བའི་རྟེན་འབྲེལ་ཞིག་སྒྲིག
བོད་རིགས་སྤུན་ཟླའི་བསོད་ནམས་རྒྱས་པའི་སྨོན་ལམ་ཞིག་འདེབས།
ཡ་ལ། སྨོན་ལམ་འདེབས།
གནམ་ལ་འཁོར་ལོ་རྩིབས་བརྒྱད། ས་ལ་པདྨ་འདབ་བརྒྱད།
དགེ་བཅུ་གཡང་གི་ར་བ། བུ་ཆུང་ང་ཡི་ཕ་ཡུལ།
བུ་ཆུང་ང་ཡི་ཕ་ཡུལ་ཡིན།
སེམས་དཀར་གྱི་སྤུན་ཟླ་ཚོ། ཨོ་་་་་་
བྲོ་རའི་དཀྱིལ་ལ་འཛོམས་ཤོག
ང་ཚོ་མཉམ་དུ་དགའ་བའི་ཞབས་བྲོ་ཞིག་འཁྲོབ་ལ་ཤོག ཡེ།
ཆོས་དང་རིག་གཞུང་ཡར་ལ་དར་བའི་རྟེན་འབྲེལ་ཞིག་སྒྲིག
ཀ་ཁ་ག་ངའི་དབང་ཐང་རྒྱས་པའི་སྨོན་ལམ་ཞིག་འདེབས།
ཆོས་དང་རིག་གཞུང་ཡར་ལ་དར་བའི་རྟེན་འབྲེལ་ཞིག་སྒྲིག
ཀ་ཁ་ག་ངའི་དབང་ཐང་རྒྱས་པའི་སྨོན་ལམ་ཞིག་འདེབས།
ཡ་ལ། སྨོན་ལམ་འདེབས།
གནམ་ལ་འཇའ་ཚོན་སྣ་ལྔ། ས་ལ་མེ་ཏོག་གུར་ཁང་།
བཀྲ་ཤིས་འཕེལ་བའི་གནས་མཆོག བུ་ཆུང་ང་ཡི་ཕ་ཡུལ།
བུ་ཆུང་ང་ཡི་ཕ་ཡུལ་ཡིན།
བརྩེ་ལྡན་གྱི་སྤུན་ཟླ་ཚོ། ཨོ་་་་་་
རྩེད་ར་འདི་ལ་འཛོམས་ཤོག
ང་ཚོ་མཉམ་དུ་དགའ་བའི་རྩེད་མོ་རྩེད་ལ་ཤོག ཡེ།
ཡ་རབས་གོམས་གཤིས་ཡར་ལ་དར་བའི་རྟེན་འབྲེལ་ཞིག་སྒྲིག
ཤེས་རིག་ཡོན་ཏན་གོང་དུ་འཕེལ་བའི་སྨོན་ལམ་ཞིག་འདེབས།
ཡ་རབས་གོམས་གཤིས་ཡར་ལ་དར་བའི་རྟེན་འབྲེལ་ཞིག་སྒྲིག
ཤེས་རིག་ཡོན་ཏན་གོང་དུ་འཕེལ་བའི་སྨོན་ལམ་ཞིག་འདེབས།
ཡ་ལ། སྨོན་ལམ་འདེབས།
གནམ་ལ་ཁྲི་གདུགས་ཉི་མ། ས་ལ་གངས་ཀྱི་ར་བ།
ཞི་བདེ་སྐྱིད་ཀྱི་ཕ་ས། བུ་ཆུང་ང་ཡི་ཕ་ཡུལ།
བུ་ཆུང་ང་ཡི་ཕ་ཡུལ་ཡིན།