作词 : 莲师
作曲 : 伏藏大师持明法自在
རྡོ་རྗེའི་ཚིག་བདུན་གསོལ་འདེབས་བཞུགས་སོ།
ཚིག གཏེར་མ།
དབྱངས། རིག་འཛིན་ཆོས་ཀྱི་དབང་ཕྱུག་མཆོག་གི་ཞལ་རྒྱུན།
དབྱངས་མཁན། གཏེར་སྲས་དབང་ཆེན་རྡོ་རྗེ།
ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔
ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔
པདྨ་གེ་སར་སྡོང་པོ་ལ༔
ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔
པདྨ་འབྱུང་གནས་ཞེས་སུ་གྲགས༔
འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔
ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔
བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔
གནས་མཆོག་འདི་རུ་བྱིན་ཕོབ་ལ༔
སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔
བགེགས་དང་ལོག་འདྲེན་བར་ཆད་སོལ༔
མཆོག་དང་ཐུན་མོང་དངོས་གྲུབ་རྩོལ།
ཨོཾ་ཨཿཧཱུྃ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཿ