编曲 : 多杰久梅
ནོར་བུ་ཆ་གསུམ།
ཚིག བློ་བཟང་བློ་གྲོས།
དབྱངས། པ་སངས།
གཞས་པ། རྡོ་རྗེ་འཇིགས་མེད།
གླུ་སྙན་མོ་ཡོད་ན་དེ་རིང་ལེན།
རྟ་ར་ཁྲ་མོ་རྟ་ཡིས་གང་།
རླུང་རྟ་དར་བའི་རྟེན་འབྲེལ་ཡིན།
ནོར་ར་ཁྲ་མོ་ནོར་གྱིས་གང་།
ནོར་གྱིས་ཕྱུག་པའི་རྟེན་འབྲེལ་འགྲིག
ལུག་ར་ཁྲ་མོ་ལུག་གིས་གང་།
ཕྱྭ་གཡང་ཁུག་པའི་རྟེན་འབྲེལ་རེད།
གངས་ཅན་བོད་ཀྱི་ཞིང་ཁམས་ན།
རིན་ཆེན་ནོར་བུའི་ཆ་གསུམ་ཡིན།
རྟ་ར་ཁྲ་མོ་རྟ་ཡིས་གང་།
རླུང་རྟ་དར་བའི་རྟེན་འབྲེལ་ཡིན།
ནོར་ར་ཁྲ་མོ་ནོར་གྱིས་གང་།
ནོར་གྱིས་ཕྱུག་པའི་རྟེན་འབྲེལ་འགྲིག
ལུག་ར་ཁྲ་མོ་ལུག་གིས་གང་།
ཕྱྭ་གཡང་ཁུག་པའི་རྟེན་འབྲེལ་རེད།
གངས་ཅན་བོད་ཀྱི་ཞིང་ཁམས་ན།
རིན་ཆེན་ནོར་བུའི་ཆ་གསུམ་ཡིན།
རླུང་རྟ་དར།
རྟེན་འབྲེལ་འགྲིག
གངས་ཅན་བོད་ཀྱི་ཞིང་ཁམས་ན།
རིན་ཆེན་ནོར་བུའི་ཆ་གསུམ་ཡིན།
ཉི་མ་སེར་པོ་ཤར་ནས་ཤར།
གླིང་བཞི་གསལ་བའི་རྟེན་འབྲེལ་ཡིན།
ཟླ་བ་དཀར་པོ་མཚོ་ལས་འཁྲུངས།
མུན་པ་གསལ་བའི་རྟེན་འབྲེལ་ཡིན།
སྐར་མ་ཁྲ་བོ་མཁའ་ལ་བཀྲ།
ཕུན་སུམ་ཚོགས་པའི་རྟེན་འབྲེལ་ཡིན།
འཛམ་བུ་གླིང་གི་ཞིང་ཁམས་ན།
རིན་ཆེན་ནོར་བུ་ཆ་གསུམ་ཡིན།
རླུང་རྟ་དར།
རྟེན་འབྲེལ་འགྲིག
འཛམ་བུ་གླིང་གི་ཞིང་ཁམས་ན།
རིན་ཆེན་ནོར་བུ་ཆ་གསུམ་ཡིན།
རླུང་རྟ་དར།
རྟེན་འབྲེལ་འགྲིག
འཛམ་བུ་གླིང་གི་ཞིང་ཁམས་ན།
རིན་ཆེན་ནོར་བུ་ཆ་གསུམ་ཡིན།