作词 : 伏藏持明子
作曲 : 传统
编曲 : Revinalfa/德森·旺庆多杰
༄༅། །གཏེར་ཆེན་རྡོ་རྗེ་ཚེ་རྒྱལ་གྱི་རྣམ་ཐར་རྗེས་
དྲན་གསེར་ཞུན་མས་བྲིས་པའི་
གདུང་ཚིག་ཅེས་བྱ་བ།
མགུར་མཁན། གཏེར་སྲས་དབང་ཆེན་རྡོ་རྗེ།
་་་་་་་
རྣམ་ཐར་དངོས་ཀྱི་ཡི་གེ་མང་བས་འདིར་མ་བཀོད།
མཇུག་བྱང་གསོལ་འདེབས་ཙམ་བཀོད་ཡོད།
་་་་་་་
དྲན་ནོ་དྲིན་ཆེན་བླ་མ་རིན་པོ་ཆེ་དྲན་ནོ། །
ཡང་ཟབ་གཏེར་གྱི་སྒོ་ཆེན་འབྱེད་ཚུལ་དེ་དྲན་ནོ། །
ཡང་གསང་གདམས་པའི་ཕ་ཕོག་རྩལ་ཚུལ་དེ་དྲན་ནོ། །
ཡང་དག་དོན་གྱི་མངོན་སྤྱོད་མཛད་ཚུལ་དེ་དྲན་ནོ། །
་་་་་
དྲན་ནོ་དྲིན་ཆེན་བླ་མ་རིན་པོ་ཆེ་དྲན་ནོ། །
དྲན་ནོ་ཕ་མཆོག་ཡིད་བཞིན་ནོར་བུ་དེ་དྲན་ནོ། །
དྲན་ནོ་སྐྱབས་གཅིག་རྒྱལ་ཀུན་འདུས་ཞལ་དེ་དྲན་ནོ། །
དྲན་ནོ་སྙིགས་དུས་འདྲེན་པའི་དེད་དཔོན་དེ་དྲན་ནོ། །
་་་་་་་་་
སངས་རྒྱས་ཀུན་འདུས་བླ་མ་རིན་པོ་ཆེ་དྲན་བྱུང་། །
དམ་ཆོས་ཀུན་འདུས་ཞལ་གསུང་རིན་པོ་ཆེ་བྱུང་། །
དགེ་འདུན་ཀུན་འདུས་མཛད་རྣམ་རིན་པོ་ཆེ་དྲན་བྱུང་། །
དྲན་ཞིང་གདུང་ལ་མངོན་སུམ་ཐུགས་རྗེ་ཡིས་གཟིགས་ཤིག །
་་་་་་་་
བསམ་ཞིང་བསམ་ནས་དྲིན་ཅན་བླ་མ་ཁྱོད་དྲན་བྱུང་། །
ཅི་ལ་བསམ་ཀྱང་དྲིན་ཅན་བླ་མ་ཁྱེད་དྲན་བྱུང་། །
བླ་མ་ཁྱོད་འདྲའི་རྣམ་ཐར་ཡང་ཡང་དུ་བསམ་ན། །
སྐྱབས་གཞན་མི་འཚོལ་ཁོ་ཐག་སྙིང་ཁོང་ནས་ཆོད་དོ། །
་་་་་་
ཅེས་པའང་དུས་བབ་ཀྱི་གཏེར་ཆེན་༧ རིག་འཛིན་ཆོས་ཀྱི་དབང་ཕྱུག་མཆོག་གི་ཐ་མའི་མཛད་པ་ཡན་ཚད་ཀྱི་རྣམ་ཐར་ཚིགས་བཅད་མ་འདི། གཏེར་སྲས་རིན་པོ་ཆེས་མཛད་པའི་རྣམ་ཐར་རིན་ཆེན་གསེར་གྱི་ཡང་ཞུན་ལས་སྒྲོ་བཀུར་མེད་པར་བཏུས་ཏེ། དམ་པ་གང་གི་ཆོས་དང་རིགས་ཀྱི་གྲལ་མཐར་གཏོགས་པ་གདུང་དང་སྲུང་མའི་མཚན་ལས་གྲས་པའི་བཏགས་མིང་པ་རྣམ་སྲས་དབང་རྒྱལ་དུ་འབོད་པ་དེས་བྲིས་སོ།