作词 : 雪儿江村/达孜旦增
作曲 : 雪儿江村
གཞོན་ནུ་ཚོ་ཡིད་ལ་ངེས།
གཞས་ཚིག གངས་ཕྲུག་རྒྱལ་མཚན། སྟག་རྩེ་བསྟན་འཛིན།
གཞས་གདངས། གངས་ཕྲུག་རྒྱལ་མཚན།
གཞས་གཏོང་མཁན། གངས་ཕྲུག་རྒྱལ་མཚན། སྟག་རྩེ་བསྟན་འཛིན།
ད་དེང་སང་སྤྱི་ཚོགས་ནང་ལ་གཟིགས་དང་།
ཕོ་མོའི་བར་གྱི་བརྩེ་དུང་ཁ་ལོ་མིན་འདུག
དུས་རབས་༢༡འཕོ་འགྱུར་ཆེན་པོས།
ངོ་མཚར་གཏམ་རྒྱུད་མང་པོ་འདི་རུ་མངོན་སོང་།
ང་ཚོའི་མེས་པོར་ཡོད་པའི་ཡ་རབས་སྤྱོད་བཟང་།
ངོ་ཚ་ཁྲེལ་ཡོད་ཀྱི་རྩེ་དུང་ལྷད་མེད་དེ་ཚོ།
དེང་སང་བོད་ཕྲུག་ང་ཚོའི་ལག་ནས་བརླག་དུས།
སེམས་པ་སྐྱོ་བའི་མིག་ཆུ་ལྷུང་ལྷུང་ཤོར་གིས།
བུ་གཅིག་ཡིན་པའི་འགན་འཁྲིའི་བསམ་པ་མིན་འདུག
བུ་མོ་ཡིན་བསམ་ལང་ཚོར་གཅེས་སྐྱོངས་མིན་འདུག
བོད་མིའི་སྤྱོད་བཟང་ཐལ་བའི་རྡུལ་ལྟར་བརླག་དུས།
སེམས་པའི་གཏིང་ནས་གླུ་འདི་གཏོང་བར་ཐལ།
གཞས་ཚིག་ལྷུ་བསྒྲིགས། གངས་ཕྲུག་རྒྱལ་མཚན།
ད་སྤྱི་ཚོགས་འཕེལ་རྒྱས་ཆེན་པོ་ཕྱིན་ཡང་།
དྭངས་གཙང་ལྷད་མེད་ཀྱི་བརྩེ་དུང་དོར་བ་མ་གནང་།
ཉིན་མཚན་སྒྱུ་མའི་འཚོ་བར་མགོ་གཡེངས་ན།
མཐའ་མ་རང་ཉིད་གཅིག་པུར་ལུས་པའི་རྒྱུ།
མི་ཡི་མི་ཚེ་ཧ་ཅང་ཐུང་ཐུང་རེད།
ལས་དང་རྒྱུ་འབྲས་བསྲུངས་དང་གཞོན་ནུ་ཚོ།
བརྩེ་དུང་ལག་རྩེད་མ་རྩེད་གཞོན་ནུ་ཚོ།
བརྩེ་དུང་རྩེད་མོའི་ཚུལ་དུ་མ་འཛིན་རོགས།
གཞན་གྱི་སེམས་པ་མ་དཀྲུགས་གཞོན་ནུ་ཚོ།
རང་གི་སེམས་པ་གཅུན་དང་གཞོན་ནུ་ཚོ།
བརྩེ་བའི་མི་ལ་སྐྱོན་དང་ཞན་ཆ་ཡོད་ཀྱང་།
ཕན་ཚུན་བསམ་གཞིགས་གནང་ནས་མི་ཚེ་སྐྱེལ་གནངརོགས།
ཕན་ཚུན་བསམ་གཞིགས་གནང་ནས་མི་ཚེ་སྐྱེལ་གནངརོགས།