作词 : 雪儿江村
作曲 : 雪儿江村
ལོ་གསར་ནང་ལ་ལོག་མ་ཐུབ།
ཚིག གངས་ཕྲུག་རྒྱལ་མཚན།
གདངས། གངས་ཕྲུག་རྒྱལ་མཚན།
བཀྲ་ཤིས་ལོ་གསར་ཤར་སོང་།
དགུ་ཐུག་དགོད་སྒྲ་དྲན་གྱིས།
ཁེར་རྐྱང་མི་ཡུལ་ལུང་པར།
ཕ་མ་དྲན་ནས་བསྡད་ཡོད།
ཁེར་རྐྱང་གཞན་ཡུལ་ལོ་གསར།
ཕ་མའི་དགོད་སྒྲ་མིན་འདུག
ཁེར་རྐྱང་གཞན་ཡུལ་ལོ་གསར།
བཟའ་ཟླའི་མཉམ་འགྲོགས་མིན་འདུག
གཅིག་པུ་མི་ཡི་ལུང་པར།
དགུ་ཐུག་བྲོ་བ་མིན་འདུག
གཅིག་པུ་གཞན་ཡུལ་ལུང་པར།
ལོ་གསར་དགོད་སྒྲ་མིན་འདུག
གཅིག་པུ་མི་ཡི་ཡུལ་ནས།
ཕ་མ་བཟའ་ཟླའི་ཕྱོགས་ལ།
གི་ཐར་དབྱངས་སུ་ལེན་ནས།
ལོ་གསར་གྱི་སྨོན་ཚིག་བསྒྲོན་ཡོད།
གི་ཐར་དབྱངས་སུ་ལེན་ནས།
ལོ་གསར་གྱི་སྨོན་ཚིག་བསྒྲོན་ཡོད།
ཁེར་རྐྱང་ལོ་གསར་ཚེས་གཅིག
ཆུ་ཕུད་ལེན་རོགས་མིན་འདུག
ཁེར་རྐྱང་ལོ་གསར་ཚེས་གཅིག
ཆང་ཕུད་འཐུང་རོགས་མིན་འདུག
གཅིག་པུ་མི་ཡི་ལུང་པར།
ཕ་མ་སེམས་ལ་དྲན་ཡོད།
གཅིག་པུ་གཞན་ཡུལ་ཕྱོགས་ནས།
ཕ་ཡུལ་ལོ་གསར་དྲན་གིས།
གཅིག་པུ་མི་ཡི་ཡུལ་ནས།
ཕ་མ་བཟའ་ཟླའི་ཕྱོགས་ལ།
སྨོན་ཚིག་དབྱངས་སུ་ལེན་ནས།
ལོ་གསར་གྱི་སྨོན་ཚིག་བསྒྲོན་ཡོད།
སྨོན་ཚིག་དབྱངས་སུ་ལེན་ནས།
ལོ་གསར་གྱི་སྨོན་ཚིག་བསྒྲོན་ཡོད།
ལོ་གསར་གྱི་སྨོན་ཚིག་བསྒྲོན་ཡོད།