作词 : 雪儿江村
作曲 : 雪儿江村
ཕ་མ་དྲན་གླུ།
ཚིག གངས་ཕྲུག་རྒྱལ་མཚན།
གདངས། གངས་ཕྲུག་རྒྱལ་མཚན།
རོལ་དབྱངས་བསྒྲིགས་བཟོ། ཨ་ཕོ་ལུག་རྫི་དམངས་ཁྲོད་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི།
སྒྲ་འཇུག་ལས་མཇུག ཨ་ཕོ་ལུག་རྫི་དམངས་ཁྲོད་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི།
གཞས་གཏོང་མཁན། གངས་ཕྲུག་རྒྱལ་མཚན།
ཕ་ཡུལ་ཕ་མ་བྲལ་ནས།
རྒྱུས་མེད་གཞན་ཡུལ་འགྲིམས་ཡོད།
བྱམས་བརྩེའི་ཕ་མའི་ཞལ་རས།
མིག་གི་མདུན་དུ་འཁོར་གིས།
ཕ་མའི་འགྲམ་དུ་བསྡོད་དུས།
དྲོ་སྐྱིད་ངང་ནས་འཚོ་ཡོད།
རང་ཉིད་གཅིག་པུར་འགྲོ་དུས།
སྔོན་མའི་དྲོ་སྐྱིད་དྲན་གིས།
ཆུ་མོ་ཡར་ཀླུང་གཙང་པོའི།
ཉ་ཆུང་གསེར་མིག་ཁྱེད་ཀྱིས།
ང་ཡི་ཕ་མའི་ཕྱོགས་ལ།
འཕྲིན་ཡིག་ལན་གཅིག་འཁུར་རོགས་གནང་།
ང་ཡི་ཕ་མའི་ཕྱོགས་ལ།
འཕྲིན་ཡིག་ལན་གཅིག་འཁུར་རོགས་གནང་།
གཞན་ཡུལ་འགྲིམས་པའི་བུ་ངས།
ཁྱེད་གཉིས་ཧ་ཅང་དྲན་གིས།
རང་ཡུལ་ཕྱོགས་ཀྱི་ཕ་མ།
སྐུ་ཁམས་བདེ་མོ་ཨེ་ཡིན།
བྱང་གི་སྤྲིན་པ་དཀར་པོ།
ལྷོ་ཡི་ཡུལ་དུ་འབྱོན་དུས།
ང་ཡི་ཕ་མའི་ཕྱོགས་ལ།
ཁམས་བདེའི་མཚམས་འདྲི་ཞུ་རོགས།
བྱ་དེ་ཁྲུང་ཁྲུང་དཀར་མོའི།
གཟོག་རྩལ་ང་ལ་གཡར་དང་།
ང་ཡི་ཕ་མའི་ཕྱོགས་ལ།
ལན་གཅིག་འཕུར་དགོས་བསམ་བྱུང་།
ང་ཡི་ཕ་མའི་ཕྱོགས་ལ།
ལན་གཅིག་འཕུར་དགོས་བསམ་བྱུང་།
བྱ་དེ་ཁྲུང་ཁྲུང་དཀར་མོའི།
གཟོག་རྩལ་ང་ལ་གཡར་དང་།
ང་ཡི་ཕ་མའི་ཕྱོགས་ལ།
ལན་གཅིག་འཕུར་དགོས་བསམ་བྱུང་།
ང་ཡི་ཕ་མའི་ཕྱོགས་ལ།
ལན་གཅིག་འཕུར་དགོས་བསམ་བྱུང་།
ལན་གཅིག་འཕུར་དགོས་བསམ་བྱུང་།