作曲 : 索当珠
编曲 : 索当珠
བྱང་ཐང་སྒོར་བྲོ་ཀླུ་ཁང་དཀྱིལ་ལ་འཁྲབ།།
ཀླུ་རྒྱལ་གཙུག་སྣ་རིན་ཆེན་བྲོ་ལ་བསུ།།
གླུ་དང་བྲོ་ཡི་མཆོད་པ་ཁྱེད་ལ་འབུལ།།
བྲོ་ར་ཁྲ་མོའི་བསྟན་པ་དར་བར་ཤོག།
རྡོག་བྲོ་འགྲིག་པོ་བྲོ་རའི་དཀྱིལ་ནས་ངོམ།།
ཕ་དང་ཨ་ཁུའི་བཞགས་པའི་རིག་གནས་ཡིན།།
སྐད་ངག་སྙན་མོ་བྲོ་རྭའི་ཕྱི་ནས་གྲགས།།
མ་དང་བསྲུ་མོས་གནང་བའི་བཞགས་པ་ཡིན།།
བྲོ་དཔོན་བཟང་པོ་ཐོ་རེངས་སྐར་ཆེན་འདྲ།།
བྲོ་ཡི་བསྟན་པ་སྒྲོན་མེ་བཞིན་དུ་སྤར།།
བྲོ་བ་རྣམས་པ་ནམ་མཁའི་སྐར་ཚོགས་འདྲ།།
སྣང་བ་སྐྱིད་པའི་གཡས་སྐོར་ཁྱིལ་ལེ་ལེ།།