作词 : 索当珠
作曲 : 索当珠
ཡུལ་བདེ་སྐྱིད་མི་ཡུལ་གནས་པའི་དུས།
ལས་རྒྱུ་འབྲས་སྲུང་དགོས་སྤུན་ཟླ་ཚོ།
བྱམས་སྙིང་རྗེ་སྐྱོང་དགོས་གྲོགས་པོ་ཚོ།
ཆོས་གྲུབ་མཐའ་མ་རྩོད་ཤ་ཉེ་ཚོ།
ཆོས་གྲུབ་མཐའ་མ་རྩོད་ཤ་ཉེ་ཚོ།
ཡུལ་བདེ་སྐྱིད་མི་ཡུལ་ཁ་བྲལ་དུས།
དཔའ་དཔུང་པའི་དཔའ་ངོམ་འགྲོ་ས་མེད།
གཟུགས་ལང་ཚོའི་མཛེས་ངོམ་སྟོན་ས་མེད།
ཐོབ་གོ་སའི་དབང་ཆ་སྤྱོད་ས་མེད།
ཐོབ་གོ་སའི་དབང་ཆ་སྤྱོད་ས་མེད།
ཡུལ་བདེ་སྐྱིད་མི་ཡུལ་གནས་པའི་དུས།
ཕྲག་དོག་གི་གཞན་སེམས་མ་དཀྲུག་དགོས།
སྲོག་གཅོད་ཀྱི་སྡིག་པ་མ་སྒྲུབ་དགོས།
སེམས་བཟང་ངན་ཅི་བྱེད་དལ་འབྱོར་ལུས།
སེམས་བཟང་ངན་ཅི་བྱེད་དལ་འབྱོར་ལུས།
ཡུལ་བདེ་སྐྱིད་མི་ཡུལ་ཁ་བྲལ་དུས།
རྒྱུ་དཔལ་འབྱོར་ཡོད་ཀྱང་ཉོ་རྒྱུ་མེད།
སྤུན་ཤ་ཉེ་མང་ཡང་སྐྱོབ་ཐབས་མེད།
ཁ་ཚིག་བཤད་ཡོད་ཀྱང་བཤད་རྒྱུ་མེད།
ཁ་ཚིག་བཤད་ཡོད་ཀྱང་བཤད་རྒྱུ་མེད།
ཡུལ་བདེ་སྐྱིད་མི་ཡུལ་གནས་པའི་དུས།
ལས་རྒྱུ་འབྲས་སྲུང་དགོས་སྤུན་ཟླ་ཚོ།
བྱམས་སྙིང་རྗེ་སྐྱོང་དགོས་གྲོགས་པོ་ཚོ།
ཆོས་གྲུབ་མཐའ་མ་རྩོད་ཤ་ཉེ་ཚོ།
ཆོས་གྲུབ་མཐའ་མ་རྩོད་ཤ་ཉེ་ཚོ།
ཡུལ་བདེ་སྐྱིད་མི་ཡུལ་ཁ་བྲལ་དུས།
དཔའ་དཔུང་པའི་དཔའ་ངོམ་འགྲོ་ས་མེད།
གཟུགས་ལང་ཚོའི་མཛེས་ངོམ་སྟོན་ས་མེད།
ཐོབ་གོ་སའི་དབང་ཆ་སྤྱོད་ས་མེད།
ཐོབ་གོ་སའི་དབང་ཆ་སྤྱོད་ས་མེད།
ཐོབ་གོ་སའི་དབང་ཆ་སྤྱོད་ས་མེད།