作词 : 贡桑仁增
作曲 : 索当珠
སྤུན་ཟླ་ཚོ། ང་ཚོ་འགྲོ་བ་མི་ཡི་རིགས་ལ།
ཕྲག་དོག་དང་གནོད་སེམས།
ང་རྒྱལ་དང་རྩོད་འཛིང་གི་ངང་ནས་མི་ཚེ་རྫོགས་འགྲོ་དུས།
སེམས་ཕམ་དང་སྡུག་བསྔལ་ལྷག་མ་སྐྱེས་བྱུང་།
དེར་བརྟེན་སྤུན་ཟླ་ཚོ།
ང་ཚོ་རང་ཚུགས་ཤིག་བཟུང་ནས།
མདུན་ཕྱོགས་སུ་དྲང་བདེན་གྱི་ལམ་ནས་འགྲོ་དང་།
ཤ་ཚའི་སྙིང་གཏམ་ཡིན་ན་མདུན་དུ་ཤོད།
མ་འདོད་ཟུར་གཏམ་ཡིན་ཡང་མདུན་དུ་ཤོད།
གཞན་གྱི་རྒྱབ་ཏུ་ལབ་ལབ་ཉུང་ཙམ་ཐོངས།
རང་གི་ཁ་ལ་རང་གིས་བདག་པོ་རྒྱོབ། ཨ་རོགས་ཚོ།
གཞན་གྱི་རྒྱབ་ཏུ་ལབ་ལབ་ཉུང་ཙམ་ཐོངས།
རང་གི་ཁ་ལ་རང་གིས་བདག་པོ་རྒྱོབ། ཨ་རོགས་ཚོ།
སྤྲུལ་སྐུས་བུ་མོ་ཁྲིད་པར་སྙིང་ཆུང་ན།
གྲྭ་པས་ཚོང་གཉེར་བྱས་པར་མིག་ཡང་ཚ།
ཁོ་ཚོའི་དགེ་སྡིག་ཁོ་ཚོས་ཁྱེར་ནས་འགྲོ།
རང་གི་ཁ་ལ་རང་གིས་བདག་པོ་རྒྱོབ། གྲོགས་པོ་ཚོ།
ཁོ་ཚོའི་དགེ་སྡིག་ཁོ་ཚོས་ཁྱེར་ནས་འགྲོ།
རང་གི་ཁ་ལ་རང་གིས་བདག་པོ་རྒྱོབ། གྲོགས་པོ་ཚོ།
དཔོན་པོས་དབང་ཐང་སྤྱད་པར་ཁོང་ཁྲོ་ལངས།
དཔོན་ལ་སྤྲེལ་ལད་བཤད་པར་སྙིང་རླུང་ལངས།
ཁོ་ཚོའི་རྒྱུ་འབྲས་ཁོ་ཚོས་འཁུར་གྱི་རེད།
རང་གི་ཁ་ལ་རང་གིས་བདག་པོ་རྒྱོབ། ཤ་ཉེ་ཚོ།
ཁོ་ཚོའི་རྒྱུ་འབྲས་ཁོ་ཚོས་འཁུར་གྱི་རེད།
རང་གི་ཁ་ལ་རང་གིས་བདག་པོ་རྒྱོབ། ཤ་ཉེ་ཚོ།
ཚོང་པས་ཁེ་བཟང་ཟས་པར་བློར་མ་ཕྱིན།
གྲོང་པས་རླངས་འཁོར་ཉོས་པར་ཡིད་མ་མགུ།
ཁོ་ཚོའི་འཚོ་བ་ཁོ་ཚོས་བསྐྱལ་གྱི་རེད།
རང་གི་ཁ་ལ་རང་གིས་བདག་པོ་རྒྱོབ། སྤུན་ཟླ་ཚོ།
ཁོ་ཚོའི་འཚོ་བ་ཁོ་ཚོས་བསྐྱལ་གྱི་རེད།
རང་གི་ཁ་ལ་རང་གིས་བདག་པོ་རྒྱོབ། སྤུན་ཟླ་ཚོ།
ཁོ་ཚོའི་འཚོ་བ་ཁོ་ཚོས་བསྐྱལ་གྱི་རེད།
རང་གི་ཁ་ལ་རང་གིས་བདག་པོ་རྒྱོབ། སྤུན་ཟླ་ཚོ།