作词 : 波密娃伟色贡秋
作曲 : 波密娃伟色贡秋
༄༅། །ཕ་ཡུལ་སྤོ་ཡུལ།
ཚིག འོད་གསར་ཀུན་ཁྱབ།
གདངས། འོད་གསར་ཀུན་ཁྱབ།
ལེན་མཁན། འོད་གསར་ཀུན་ཁྱབ།
བོད་ལྗོངས་ཀྱི་ཤར་ལྷོའི་མཚམས།
མཛེས་སྡུག་གི་ཡུལ་གྲུ་ཞིག
རྗེ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ།
བུ་ཆུང་ང་ཡི་ཕ་ཡུལ།
སྤོ་ཡུལ་ལུང་པ་རེད།
གནའ་བོ་ཡི་གཏམ་རྒྱུད་སྙན།
དེང་རབས་ཀྱི་ཉམས་འགྱུར་དོད།
རང་བྱུང་ཁོར་ཡུག་ལྷ་ཡུལ་ལ་འགྲན་པ།
བུ་ཆུང་ང་ཡི་ཕ་ཡུལ།
སྤོ་ཡུལ་ལུང་པ་རེད།
ཨ། བཙན་པོའི་འཁྲུངས་ཡུལ། གངས་འཁྱགས་ཀྱི་ཕ་ས།
ཨ། ཡིད་འོང་གི་སྤོ་ཡུལ། ཤམ་བྷ་ལའི་སྤོ་ཡུལ།
རི་གསེབ་ཀྱི་སྤོ་དབྱངས་སྙན།
སྤང་ཐང་གི་སྤོ་བྲོ་བདེ།
ཕུགས་འདུན་གྱི་གཤོག་ཟུང་རྒྱས་ས།
བུ་ཆུང་ང་ཡི་ཕ་ཡུལ།
སྤོ་ཡུལ་ལུང་པ་རེད།
སྙེ་མ་ཡི་རྦ་རླབས་གཡོ།
རྟ་ནོར་གྱིས་རི་ལུང་ཁྱབ།
གཡང་ནོར་ལོངས་སྤྱོད་ཀླུ་ཡུལ་ལ་འགྲན་པ།
བུ་ཆུང་ང་ཡི་ཕ་ཡུལ།
སྤོ་ཡུལ་ལུང་པ་རེད།
ཨ། གླུ་གར་གྱི་རྒྱ་མཚོ། ཕུགས་འདུན་གྱི་ཞིང་ས།
ཨ། འབྲུ་རིགས་ཀྱི་བང་མཛོད། སྒོ་ཕྱུགས་ཀྱི་ཞིང་ཁམས།
སྤོ་ཡུལ། སྤོ་ཡུལ། ང་ཡི་ཕ་ཡུལ།
ཕ་ཡུལ། ང་ཡི་སྤོ་ཡུལ།
བུ་ཆུང་ངས་ཁྱེད་ལ་བསྟོད་གླུ་ལེན།