༄༅། །སྟར་ཁ་ཤིང་གི་ལོ་མ།
ཚིག དམས་ཁྲོད།
གདངས། དམངས་ཁྲོད།
ལེན་མཁན། གཡང་འཛོམས།
རི་ཡག་མོ་གསེར་རི་ཡི་མགོ་ལ། །
མཚོ་ཡག་མོ་གསེར་མཚོ་འདྲ་འཁྱིལ་བྱུང་། །
༼ སྟར་ཁ་ཤིང་གི་ལོ་མ། ༽
མཚོ་ཡག་མོ་གསེར་མཚོ་ཡི་ཁ་ལ། །
ཤིང་ཡག་མོ་གསེར་ཤིང་འདྲ་སྐྱེས་བྱུང་། །
༼ སྟར་ཁ་ཤིང་གི་ལོ་མ། ༽
ཤིང་ཡག་མོ་གསེར་ཤིང་གི་སྟེང་ལ། །
བྱ་ཡག་མོ་གསེར་བྱ་འདྲ་བབས་བྱུང་། །
༼ སྟར་ཁ་ཤིང་གི་ལོ་མ། ༽
བྱ་ཡག་མོ་གསེར་བྱ་འདྲ་བབས་དུས། །
སྐད་སྙན་མོ་དྲུག་འགྱུར་འདྲ་བརྒྱབ་བྱུང་། །
༼ སྟར་ཁ་ཤིང་གི་ལོ་མ། ༽
སྐད་སྙན་མོ་དྲུག་འགྱུར་འདྲ་རྒྱག་དུས། །
ང་ན་ཆུང་བསམ་པ་འདྲ་དགའ་བྱུང་། །
༼ སྟར་ཁ་ཤིང་གི་ལོ་མ། ༽
སྐད་སྙན་མོ་དྲུག་འགྱུར་འདྲ་རྒྱག་དུས། །
ང་ན་ཆུང་བསམ་པ་འདྲསྐྱིད་བྱུང་། །
༼ སྟར་ཁ་ཤིང་གི་ལོ་མ། ༽
རི་ཡག་མོ་གསེར་རི་ཡི་མགོ་ལ། །
མཚོ་ཡག་མོ་གསེར་མཚོ་འདྲ་འཁྱིལ་བྱུང་། །
༼ སྟར་ཁ་ཤིང་གི་ལོ་མ། ༽
མཚོ་ཡག་མོ་གསེར་མཚོ་ཡི་ཁ་ལ། །
ཤིང་ཡག་མོ་གསེར་ཤིང་འདྲ་སྐྱེས་བྱུང་། །
༼ སྟར་ཁ་ཤིང་གི་ལོ་མ། ༽
ཤིང་ཡག་མོ་གསེར་ཤིང་གི་སྟེང་ལ། །
བྱ་ཡག་མོ་གསེར་བྱ་འདྲ་བབས་བྱུང་། །
༼ སྟར་ཁ་ཤིང་གི་ལོ་མ། ༽
བྱ་ཡག་མོ་གསེར་བྱ་འདྲ་བབས་དུས། །
སྐད་སྙན་མོ་དྲུག་འགྱུར་འདྲ་བརྒྱབ་བྱུང་། །
༼ སྟར་ཁ་ཤིང་གི་ལོ་མ། ༽
སྐད་སྙན་མོ་དྲུག་འགྱུར་འདྲ་རྒྱག་དུས། །
ང་ན་ཆུང་བསམ་པ་འདྲ་དགའ་བྱུང་། །
༼ སྟར་ཁ་ཤིང་གི་ལོ་མ། ༽
སྐད་སྙན་མོ་དྲུག་འགྱུར་འདྲ་རྒྱག་དུས། །
ང་ན་ཆུང་བསམ་པ་འདྲསྐྱིད་བྱུང་། །
༼ སྟར་ཁ་ཤིང་གི་ལོ་མ། ༽