༄༅། །བྱ་གསུམ།
ཚིག དམངས་ཁྲོད།
གདངས། དམངས་ཁྲོད།
ལེན་མཁན། དངོས་གྲུབ་སྒྲོལ་མ།
བྱ་སྔོན་མ་བར་མ་རྗེས་མ་གསུམ། །
བྱ་སྔོན་མ་ཐང་དཀར་རྒོད་པོ་རེད། །
དཀར་ཆུང་སེ་ལྷ་སའི་ཕྱོགས་ལ་བབས། །
ལྷ་ཇོ་བོར་མཇལ་དར་འབུལ་མི་རེད། །
བྱ་སྔོན་མ་བར་མ་རྗེས་མ་གསུམ། །
བྱ་བར་མ་ཁུ་བྱུག་སྔོན་མོ་རེད། །
སྔོ་ཆུང་སེ་ལྷ་སའི་ཕྱོགས་ལ་བབས། །
ལྷ་ཇོ་བོར་ཡོན་ཆབ་གཤོམ་མི་རེད། །
བྱ་སྔོན་མ་བར་མ་རྗེས་མ་གསུམ། །
བྱ་རྗེས་མ་ངང་པ་སེར་པོ་རེད། །
སེར་ཆུང་སེ་ལྷ་སའི་ཕྱོགས་ལ་བབས། །
ལྷ་ཇོ་བོར་གསེར་གསོས་གསོལ་མི་རེད། །