作词 : 切昂本
作曲 : 切昂本
编曲 : 周强加
སྙིང་སྡུག། Dear
ཚིག/དབྱངས ཆོས་དབྱིངས་འབུམ།
ལེན་མཁན། ཆོས་དབྱིངས་འབུམ
རོལ་མོ། འབྲུག་ཆུང་རྒྱལ
སྒྲ་ལེན/ཞིབ་སྦྱོར། འབྲུག་ཆུང་རྒྱལ
སེམས་ཀྱི་རྐང་ལ་འཐིམ་པའི་ཡིད་འཕྲོག་དེ་དྲུག་འགྱུར།
སྐྱིད་གྱི་ན་བུན་སེལ་བའི་རྒྱ་མཚོ་ཡི་མུ་ཏིག
གཡང་གི་སྐྱབས་སུ་བཅོལ་བའི་སྨད་ཕྱོགས་ཡི་བུ་མོ།
དཀར་པོ་དུང་ལས་འཕྲོག་པའི་ལྷག་སེམས་ཀྱི་ལྷ་མོ།
སྐྱིད་ལ་འགྲོ་བའི་བརྩེ་བ་རྫོགས་ཐབས་མེད། རྫོགས་ཐབས་མེད། ཐབས་མེད་སོང་།
ཁ་ལ་ཕྱིར་འཁོར་ཀྱི་འཛུམ་མདངས། གཞན་དང་མི་འདྲ་བའི་ལྷན་འགུག་ཁྱོད་ཡོད།
རྒྱ་སེ་ཡི་དྲི་ཞིམ་འཐིམས་ཡོད། འཕར་ལྡིང་གི་སྙིང་ཆུང་ཁྱེར་ནས་སོང་།
སེམས་དང་སེམས་པ་མཐུན་ནས་བརྩེ་བ་དང་དུང་བ་བྲག་ལ་རྐོས་ཡོད།
འོ་~སྙིང་ཉེ།
བུ་མོ་ཁྱོད་སེམས་པ་མ་སྡུག། ང་ནམ་ཡང་ཁྱོད་དང་ལྷན་དུ་གནས་ཡོང་།
ཁྱོད་དང་མཉམ་དུ་ཞོགས་པའི་ཉི་རྩེ་བལྟ་འདོད།
ཁྱོད་དང་ལྷན་དུ་འཚར་བའི་གསང་གཏམ་བཤད་འདོད།
འོ~སྙིང་ཉེ།
འོ~ནམ་ཡང་སེམས་ན་གནས །
འོ~ནམ་ཡང་སེམས་ན་གནས།
སེམས་ཀྱི་རྐང་ལ་འཐིམ་པའི་ཡིད་འཕྲོག་དེ་དྲུག་འགྱུར།
སྐྱིད་གྱི་ན་བུན་སེལ་བའི་རྒྱ་མཚོ་ཡི་མུ་ཏིག
གཡང་གི་སྐྱབས་སུ་བཅོལ་བའི་སྨད་ཕྱོགས་ཡི་བུ་མོ།
དཀར་པོ་དུང་ལས་འཕྲོག་པའི་ལྷག་སེམས་ཀྱི་ལྷ་མོ།
སྐྱིད་ལ་འགྲོ་བའི་བརྩེ་བ་རྫོགས་ཐབས་མེད། རྫོགས་ཐབས་མེད། ཐབས་མེད་སོང་།
ནང་ལ་བྱམས་སེམས་ཀྱི་བདག་མོ། གཞན་དང་མི་འདྲ་བའི་རྒྱུད་འཇམ་ཁྱོད་ཡོད།
མ་སྐྱེས་ཨ་མའི་འཛུམ་དཀར། འགྱུར་མེད་ཀྱི་བརྩེ་གཅིག་ཁྱོད་ལ་བཅངས།
སེམས་དང་སེམས་པ་མཐུན་ནས་ བརྩེ་བ་དང་དུངས་བ་དམ་ལ་བཅོལ་ཡོད སྙིང་ཉེ།
བུ་མོ་ཁྱོད་སེམས་པ་མ་སྡུག། ང་ནམ་ཡང་ཁྱོད་དང་ལྷན་དུ་གནས་ཡོང་།
ཁྱོད་དང་ལྷན་དུ་མི་ཚེ་ཡི་སྐྱིད་སྡུག་མྱང་འདོད།
ཁྱོད་དང་མཉམ་དུ་འཁོར་བ་ཡི་བྱང་ཐང་བརྒལ་འདོད།
འོ~སྙིང་ཉེ།
འོ~ནམ་ཡང་སེམས་ན་གནས