作词 : 三培端智/切昂本
作曲 : 三培端智/切昂本
སྒྲ་ལེན་དང་ཞིབ་སྦྱོར། འབྲུག་ཆུང་རྒྱལ།
དགའ་ས་དེ་ཨེ་ཡོད།
མི་ཚོགས་སྟོང་གི་ཁྲ་མོ།
བྱུ་རུའི་དམར་མདངས་ཅན་པོ།
དགའ་ས་དེ་ཨེ་ཡོད།
མངོན་སུམ་མཐོང་རྒྱུ་ཡོད་རུང་།
སེམས་ལ་སྐྱོ་སྣང་སྐྱེས་བྱུང་།
དགའ་ས་དེ་ཨེ་ཡོད།
མ་འདྲི་སེམས་ཀྱི་ཕྱོགས་ས།
མི་བཤད་སེམས་ཀྱི་སྡུག་ས།
དགའ་ས་དེ་ཨེ་ཡོད།
དགའ་སྐྱོ་འདྲེས་མའི་ཚོར་བ།
རྨི་ལམ་ནང་གི་སྟོང་བ།
དགའ་ས་དེ་ཨེ་ཡོད་
དགའ་ཞོར་དགའ་ཞོར་།
སེམས་ཀྱི་འདུན་པ་ཁྱེར་ནས་གམ་དུ་ཐོན་ཡོང་།
འདུག་ཞོར་འདུག་ཞོར་།
སྔོན་བསགས་ལས་ཀྱིས་དེད་ནས་འཚོལ་བཞིན་ཐོན་ཡོང་།
ལང་ཚོ་དར་ལ་སྨིན་པའི་མེ་ཏོག་རྐང་གཅིག།
ཁྱོད་དང་འུ་གཉིས་མཉམ་དུ་ཨ་འགྲིག་ཆ་འགྲིག
ལས་དབང་བཙན་པོའི་མནར་གཅོད་སེམས་ཀྱི་ན་ཟུག
ཚེ་གཙིག་ལས་གཅིག་སྲུང་བ་རང་རེས་ཆ་ལུགས་།
ཁྱོད་ནི་ཨ་གསར་གྱི་འཚོལ་སྙེགས་དང་སྐབས་བསྟུན་གྱི་ཐོབ་འདོད་ཙམ་མིན་ལ།
ཁྱོད་ནི་བྱམས་བརྩེ་ཡི་བདག་པོ་དང་ལྷག་སེམས་ཀྱི་འབོད་སྒྲ་ཡིན་ནོ།
ཁྱོད་ནི་ཞག་གཅིག་གི་ཉལ་རོགས་དང་ཉིན་གཅིག་གི་འདུག་རོགས་མིན་ལ།
ཁྱོད་ནི་མི་ཚེ་ཡི་རྒྱལ་ཁ་དང་འབྱུང་འགྱུར་ཀྱི་རེ་སྙེགས་དེ་ཡིན་ནོ།
སྔ་མོར་སྐྱ་རེངས་ཤར་དུས་ཁྱོད་དང་མཉམ་དུ།
མཚན་མོར་ཟླ་འོད་འོག་དུ་ཁྱོད་དང་ལྷན་དུ།
ངའི་སེམས་ཀྱི་སྙིང་སྡུག་བུ་མོ་ཁྱོད།
ནང་སེམས་ལ་རེ་བས་ཁེངས་ནས་འགྲོ།
མིག་ཟུང་དེ་སེམས་སུ་སྒོམ་ནས་འགྲོ།
མི་འགྱང་བར་མཇལ་བའི་ལས་སྐལ་ཡག
དགའ་ས་དེ་ཨེ་ཡོད།
མི་ཚོགས་སྟོང་གི་ཁྲ་མོ།
བྱུ་རུའི་དམར་མདངས་ཅན་པོ།
དགའ་ས་དེ་ཨེ་ཡོད།
མངོན་སུམ་མཐོང་རྒྱུ་ཡོད་རུང་།
སེམས་ལ་སྐྱོ་སྣང་སྐྱེས་བྱུང་།
དགའ་ས་དེ་ཨེ་ཡོད།
མ་འདྲི་སེམས་ཀྱི་ཕྱོགས་ས།
མི་བཤད་སེམས་ཀྱི་སྡུག་ས།
དགའ་ས་དེ་ཨེ་ཡོད།
དགའ་སྐྱོ་འདྲེས་མའི་ཚོར་བ།
རྨི་ལམ་ནང་གི་སྟོང་བ།
དགའ་ས་དེ་ཨེ་ཡོད།
La……
ཨེ་བུ་མོ།
སྙིང་རྗེ་བའི་འབྲོག་མོ།
ཡིད་འོང་བའི་འབྲོག་མོ།
ཁྱོད་ཕར་འཁོར་སྐྱེ་གཟུགས་རྒྱ་ལྗང་ལོ་མ་འདྲ།
ཁྱོད་ཚུར་འཁོར་ཞལ་རས་བཅོ་ལྔའི་དུང་ཟླ་འདྲ།
འུར་ཟིང་དང་བཟི་ཁ་ཡི་མགོ་འཁོར་སླ་བའི་གྲོང་ཁྱེར་ནས།
དགའ་སྐྱོ་དང་མཉམ་དུ་གནས་བའི་འཚོ་བ་ལས།
ཕྲག་དོག་དང་འགྲན་རྩོད་ཀྱི་བྱ་བ་ལས།
ཆོག་ཤེས་ཀྱི་དྲི་ཙམ་དཀོན་པའི་སྤྱི་ཚོགས་ནས།
ཁྱོད་ནམ་ཡང་ངའི་མི་ཚེའི་ཁ་ཕྱོགས་ཡིན་ལ་སེམས་ཀྱི་དྲན་ཤིང་ཡིན།
སྔ་མོ་གཉིད་ལས་འབོད་མཁན་དང་དགུང་མོ་ཁྱིམ་ནས་སྒུག་མཁན་ཡིན།
འཚོ་བ་དེ་སྔ་མོ་ནས་སྒུག་ཡོད།
ལས་ཀྱི་ཁ་ཡིག་ཡག་ལ་ཁྱེད་དང་ཕྲད་པ་སྔོན་བསགས་ལས།
སེམས་ཀྱི་མདུན་པ་གཅིག་ན་ལས་དབང་གཅིག་ལ་དམ་བཅའ་འཇོག
ཚེ་ལ་སྐལ་བ་ཡག་པའི་དེ་རིང་དུས་བཟང་འདི་ལ་ཐུག
མི་ཚེའི་དམིགས་ཡུལ་མཚུངས་ན་ཁྱིམ་གཞིས་གཅིག་ལ་སྨོན་ལམ་རྒྱག
དགའ་ས་དེ་ཨེ་ཡོད།
མི་ཚོགས་སྟོང་གི་ཁྲ་མོ།
བྱུ་རུའི་དམར་མདངས་ཅན་པོ།
དགའ་ས་དེ་ཨེ་ཡོད།
མངོན་སུམ་མཐོང་རྒྱུ་ཡོད་རུང་།
སེམས་ལ་སྐྱོ་སྣང་སྐྱེས་བྱུང་།
དགའ་ས་དེ་ཨེ་ཡོད།
མ་འདྲི་སེམས་ཀྱི་ཕྱོགས་ས།
མི་བཤད་སེམས་ཀྱི་སྡུག་ས།
དགའ་ས་དེ་ཨེ་ཡོད།
དགའ་སྐྱོ་འདྲེས་མའི་ཚོར་བ།
རྨི་ལམ་ནང་གི་སྟོང་བ།
དགའ་ས་དེ་ཨེ་ཡོད།