作词 : 扎西多杰
作曲 : 丁增达瓦
编曲 : 丁增达瓦
གནའ་ལམ་ལྷ་རི།
古道拉日
ཚིག བཀྲིས་རྡོ་རྗེ།
词:扎西多杰
དབྱངས། བསྟན་འཛིན་ཟླ་བ།
曲:丁增达瓦
ལེན་མཁན་ བསྟན་འཛིན་ཟླ་བ།
唱 :丁增达瓦
出品单位:嘉黎县文化和旅游局
བྱང་ལ་ལམ་དྲུག་གི་འདུས་མདོ་ན། །
རྩི་མེ་ཏོག་འཇའ་ཚོན་ཤར་འདྲ་ཡོད། །
མཚོ་གཡུ་མཚོ་སྔོན་མོ་དྭངས་ཞིང་མཛེས།
གནའ་སྔ་མོའི་གནའ་ལམ་ལྷ་རི་རེད། །
ལྷོ་ལྷ་རི་གསེར་གྱི་རྟ་ཟམ་བརྒྱུད་།
དྲེལ་སྨུག་ཆུང་ལིང་ཤང་ལྷང་ལྷང་སྙན། །
དབུས་ལྷ་སའི་ཁྲོམ་ལ་འཛོམས་པའི་དུས། །
ཡུལ་ལྷ་རིའི་གནས་མོའི་གནས་ཚང་དྲན། །
ཀི་་བསོ་བསོ་་ལྷ་རྒྱལ་ལོ་ ཕོ་ལ་དགྲ་ལྷ་དེ་བསོ།
ཀི་་བསོ་བསོ་་ལྷ་རྒྱལ་ལོ་ ཕོ་ལ་དགྲ་ལྷ་དེ་བསོ།
ཁ་རྗེ་དབང་ཐང་དར་སོང་ལོ།
ཇ་རྟའི་གནའ་ལམ་བརྒྱུད་སོང་ལོ།
ཚོང་དཔོན་ནོར་བུ་བཀྲིས་ཤོག།
གླུ་ཨ་ལ་ཐ་ལ་ཐ་ལ་སོ་རེད་ཡ།
ས་འདི་ཡི་ས་ངོ་མ་ཤེས་སོ་ན།
བྱང་མེ་བཟའིཕ་ཡུལལྷ་རི་ཚོ་རེད་ཡ།
ཁམས་ལྷ་རི་འགོ་ནས་བསང་ཞིག་བཏང་།
ལས་རླུང་རྟ་དར་བའི་སྨོན་ལམ་འདེབས།
ལམ་སྐྱ་མོ་ས་ཚིགས་བཅུ་གསུམ་འདི། །
གནའ་སྔ་མོ་ཇ་རྟའི་གནའ་ལམ་རེད། །
དབུས་ལྷ་རི་གནའ་ལམ་དང་པོ་རེད།
ཇ་ཞིམ་མ་པོ་ཚོང་ལམ་འདི་ནས་དར། །
དཔོན་བཟང་པོའི་འགྲོ་ལམ་འདི་ན་ཡོད་།
ས་འདི་ནི་མཐུན་སྒྲིལ་གསེར་ཟམ་ཡིན། །
ཀི་་བསོ་བསོ་་ལྷ་རྒྱལ་ལོ་ ཕོ་ལ་དགྲ་ལྷ་དེ་བསོ།
ཀི་་བསོ་བསོ་་ལྷ་རྒྱལ་ལོ་ ཕོ་ལ་དགྲ་ལྷ་དེ་བསོ།
ཁ་རྗེ་དབང་ཐང་དར་སོང་ལོ།
ཇ་རྟའི་གནའ་ལམ་བརྒྱུད་སོང་ལོ།
ཚོང་དཔོན་ནོར་བུ་བཀྲིས་ཤོག།