作词 : 西热平措
作曲 : 丁增达瓦
༼རྟེན་འབྲེལ་ཞུ༽
ཚིག ཤེས་རབ་ཕུན་ཚོགས།
དབྱངས།བསྟན་འཛིན་ཟླ་བ།
གཞས་པ།བསྟན་འཛིན་ཟླ་བ།
འཆད་རྩོད་བསྟན་པའི་རྒྱན་ཆ།།
རྩེ་དྲུག་སློབ་གླིང་ཚལ་དུ།།
ཁ་བའི་རིགས་སྨྲ་སྟོང་གིས།།
ལུང་རིགས་དབྱར་རྔ་རྡུང་ནས།།
བོན་གྱི་དབུ་འཕང་བསྟོད་ཡོད།
དགོན་འདི་ན་བསྟན་པའི་ཕྲ་རྒྱན་ཡོད།
རྟེན་འབྲེལ་ཞུ་ཡ།
རྟེན་འབྲེལ་ཞུ་ཡ། རྟེན་འབྲེལ་ཞུ།
རྩེ་དྲུག་རིག་འཛིན་བརྒྱད་ཅུ་གནས་ཆེན་བརྒྱ་ཡི་གོང་བ།
ཞང་བོད་ཡུལ་གྱི་གནས་རི་བྱིན་ཆེན་རྟེན་འབྲེལ་ཞུ།
རིག་པའི་གནས་ལྔ་མཁྱེན་པའི།།
སྐལ་བཟང་བཤེས་གཉེན་རྣམ་པས།།
ཞང་བོད་བགྲོ་གླེང་དབུས་སུ།།
རྣམ་དཔྱོད་རིག་རྩལ་ངོམ་ནས།།
གཞུང་བརྒྱའི་སྒོ་འཕར་ཕྱེས་ཡོད།
གནས་འདི་ན་ཤེས་རིག་འོད་ཟེར་ཡོད།
བཀྲ་ཤིས་ཤོག་ཡ། བཀྲ་ཤིས་ཤོག་ཡ། བཀྲ་ཤིས་ཤོག
དཔྱོད་ལྡན་མཁས་དབང་རྣམ་པ་གནས་མཆོག་འདི་རུ་འཛོམས་ཡོད།
ཞང་ཞུང་རྒས་པོའི་རིག་གནས་དར་ས་རྟེན་འབྲེལ་ཞུ།