作词 : 琼
作曲 : 丁增达瓦
编曲 : 丁增达瓦
故乡情歌
ཕ་ཡུལ་བརྩེ་གླུ།
ཚིག་ ཁྱུང་།
词:琼
དབྱངས། བསྟན་འཛིན་ཟླ་བ།
曲:丁增达瓦
ལེན་མཁན། བསྟན་འཛིན་ཟླ་བ། ཚེ་དཔལ་གཡང་སྐྱིད།
唱:丁增达瓦 才巴永吉
出品单位:嘉黎县文化和旅游局
男
རི་ལུང་སྨུག་པའི་འདབ་ན།
ཁམ་འབུ་མེ་ཏོག་བཞད་འདུག
མཛེས་པའི་ལྷ་རི་བུ་མོ།
དགའ་བའི་བྲོ་གར་འཁྲབ་ཤོག
女
ཕུན་སུམ་ཚོགས་པའི་ལྷ་རི།
མི་ཡུལ་ལྷ་ཡི་ཞིང་ཁམས།
ང་ཡི་སྐྱིད་པའི་གནས་མཆོག་གཡང་གི་ནོར་ལུག་འཁོར་ཡོད།
合
མཚོ་གསུམ་ཡིད་ལ་འཁོར་བྱུང་སེམས་ནས་ལྷ་རི་དྲན་སོང་།
ལོ་ཆུང་བུ་མོའི་ཞབས་བྲོ་མཛེས་ལ་བྱུང་།
ཆུང་འདྲིས་ངེད་གཉིས་བརྩེ་ས།
ཨེ་མ་འཛེས་པའི་ཕ་ཡུལ་ལྷ་རི་ལོ།
女
རི་ལུང་འཇའ་གུར་ཕུབ་ནས།
འཇའ་སྣེ་སྤང་ལ་ཟུག་སོང་།
མཛེས་པའི་ལྷ་རི་བུ་མོའི།
སྐྱིད་པའི་གླུ་དབྱངས་ལེན་ཤོག
男
དབྱར་གྱི་དཔལ་ཡོན་རྒྱས་པའི།
སྦྲང་ཆར་ས་ལ་བབས་སོང་།
ང་ཡི་དགའ་བའི་ལྷ་རི་སྤྲིན་དཀར་འོག་གི་ཕ་ཡུལ།
合
མེ་ཏོག་གླུ་རུ་བླངས་ཡོད།
སེམས་ནས་ཕ་ཡུལ་དྲན་སོང
ཆུང་འདྲིས་ངེད་གཉིས་བརྩེ་ས།
ཨེ་མ་འཛེས་པའི་ཕ་ཡུལ་ལྷ་རི་ལོ།