作词 : 岗•拉贵
作曲 : 岗•拉贵
编曲 : 岗•拉贵
༼བསོད་ནམས་ཆེན་པོ།༽
གཞས་ཚིག་ གནའ་རབས་བཀྲ་ཤིས།།
གཞས་གདངས་ རྭ་སྒྲེང་སྐལ་བཟང།།
གཞས་པ་ རྭ་སྒྲེང་སྐལ་བཟང་ / གནའ་རབས་བཀྲ་ཤིས།།
དྲྭ་ཐོག་སྒྲིག་བཟོ་འགྲེམ་སྤེལ་ སྒང་·ལྷག་རྒོད།།
བརྩེ་སེམས་ཀྱིས་ཕྱུག་པའི་ཕ་ཡུལ་གངས་ལྗོངས་ནས།།
ང་ལ་བརྩེ་བའི་དྲིན་ཆེན་ཨ་མ་ལགས།།
ཁོང་བྱམས་བརྩེ་རི་རྒྱལ་ལྷུན་པོ་འདྲ་བྱུང།།
བུ་ཕྲུག་ང་ཚོའི་སྡུག་བསྔལ་ཡོད་ཚད་སེལ།།
ཨོའོ་…………ཨོའོ་…………
ངའི་དྲིན་ཆེན་ཕ་མའི་སྐུ་ཚེ་བརྟན་སོང་ན།།
བུ་ཕྲུག་ང་ཚོས་བསོད་ནམས་ཆེ་བ་ལ།།
བོད་གཞས་གསན་པར་ཐུགས་བརྗེ་ཆེ། །
འགྲེམ་སྤེལ་ སྒང་•ལྷག་རྒོད།།
ལོ་ཆུང་ཆུང་ཤེས་རིག་རྨོངས་པའི་ལམ་ཁ་ནས།།
ང་ལ་བརྩེ་བའི་དྲིན་ཆེན་བཤེས་གཉེན་ལགས།།
ཁོང་བཀའ་དྲིན་མུན་གསལ་སྒྲོན་མེ་འདྲ།།
བུ་ང་ཡིས་མི་ཚེའི་མདུན་ལམ་གསལ།།
ཨོའོ་…………ཨོའོ་…………
ངའི་དགེ་བའི་བཤེས་གཉེན་སྐུ་ལུས་བདེ་སོང་ན།།
ལོ་ཆུང་ང་ཚོ་བསོད་ནམས་ཆེ་བ་ལ།།
࿄࿄࿄࿄࿄
ཡུལ་སྐྱིད་པོ་ལྷ་ལྡན་ལྷ་ཡིས་ཞིང་ཁམས་འདི།།
ཇོ་བོ་ཤ་ཀྱ་མུ་ནེའི་གདན་ས་བཞུགས་རེད།།
རྗེ་བླ་མའི་ཐུག་རྗེའི་སྤྱན་གྱིས་གཟིགས་དང།།
འགྲོ་དྲུག་སེམས་ཅན་བདེ་སྐྱིད་ལྡན་པ་ཤོག།།
ཨོའོ་…………ཨོའོ་…………
ངའི་འགྲོ་དྲུག་སེམས་ཅན་སྡུག་བསྔལ་མེད་སོང་ན།།
བོད་ཕྲུག་ང་ཚོའི་བསོད་ནམས་ཆེ་བ་ལ།།
࿄࿄࿄࿄࿄
ངའི་དགའ་སྐྱོ་འདྲེས་མའི་འཚོ་བའི་ལམ་འཕྲང་ནས།།
བློ་སེམས་མཐུན་པའི་གྲོགས་པོ་ལྷན་འཛོམས་བྱུང།།
ངའི་འཇིག་རྟེན་འཁོར་བའི་སྐྱིད་སྡུག་གླེང་ས་ཡིན།།
ལ་རྒྱ་མི་འགྱུར་བྲག་ལས་བརྟན་པ་ཤོག།།
ཨོའོ་…………ཨོའོ་…………
ངའི་བརྩེ་བའི་གྲོགས་པོ་བསམ་དོན་གྲུབ་སོང་ན།།
ཕོ་གཞོན་ང་ཚོ་བསོད་ནམས་ཆེ་བ་ལ།།
ཨོའོ་………… ཨོའོ་…………
ངའི་བརྩེ་བའི་གྲོགས་པོ་བསམ་དོན་འགྲུབ་སོང་ན།།
ཕོ་གཞོན་ང་ཚོ་བསོད་ནམས་ཆེ་བ་ལ།།
滚动歌词贡献者:岗•拉贵