作词 : 岗•拉贵
作曲 : 岗•拉贵
编曲 : 岗•拉贵
༼ གང་དགའ་གང་སྐྱིད། ༽
ཚིག་གདངས་ རྒྱལ་རྩེའི་གཞས་ཆེན།
གཞས་མ་ སྐལ་བཟང་གཡུ་སྒྲོན།
དྲྭ་ཐོག་སྒྲིག་བཟོ་འགྲེམ་སྤེལ་ སྒང་·ལྷག་རྒོད།
མཚོ་སྨད་དུ་བཞུགས་པའི་ཉ་ཆུང་ཚོ།
ན་ལ་ཞོན་དུས་འཁྱུག་འགྲོས་མ་ངོམས་ན།
ན་སོ་གཞོན་དུས་འཁྱུག་ཁྲོད་མ་ངོམ་ན།
བརྒྱབ་དེ་རུ་རྡོ་དང་ལྕགས་རྒྱུ་ཡོད།
རྡོ་དང་ལྕགས་རྒྱུ་རྫ་མོའི་རོང་ལ་གཡུགས།
ཉ་ཆུང་གསེར་མིག་གང་དགའ་གང་སྐྱིད་ཡིན།
འགྲེམ་སྤེལ་ སྒང་ · ལྷག་རྒོད།
བོད་གཞས་གསན་པར་ཐུགས་རྗེ་ཆེ།
མཚོ་སྟོད་དུ་བཞུགས་པའི་གསེར་བྱ་ངང་པ་ཚོ།
ན་ལ་གཞོན་དུས་ཆོས་གོས་མ་ངོམས་ན།
ན་སོ་གཞོན་དུས་ཆོས་གོས་མ་ངོམས་ན།
རྒྱབ་དེ་རུ་མཚོ་ལ་དར་ཁ་ཡོད།
མཚོ་མོའི་དར་ཁ་རྫ་མོའི་རོང་ལ་གཡུགས།
གསེར་བྱ་ངང་པ་གང་དགའ་གང་སྐྱིད་ཡིན།
རྒྱལ་རྩེའི་གཞས་ཆེན་གསན་པར་ཐུགས་རྗེ་ཆེ།
སྤང་སྟོད་དུ་བཞུགས་པའི་ཤ་བ་ཚོ།
ན་ལ་གཞོན་དུས་རྭ་རྩེད་མ་ངོམས་ན།
ན་སོ་གཞོན་དུས་རྭ་རྩེད་མ་ངོམས་ན།
རྒྱབ་དེ་རུ་ཤ་ཁྱི་ནག་པོ་ཡོད།
ཤ་ཁྱི་ནག་པོ་རྫ་མོའི་རོང་ལ་གཡུགས།
ཤྭ་བ་སྨུག་ཆུང་གང་དགའ་གང་སྐྱིད་ཡིན།
࿄࿄࿄
ལྕང་གླིང་དུ་བཞུགས་པའི་བྱིའུ་ཆུང་ཚོ།
ན་ལ་གཞོན་དུས་གསུངས་སྐད་མ་ངོམ་ན།
ན་སོ་གཞོན་དུས་གསུངས་སྐད་མ་ངོམ་ན།
རྒྱབ་དེ་རུ་ཨ་ཅེ་བྱ་ཁྲ་ཡོད།
ཨ་ཅེ་བྱ་ཁྲ་རྫ་མོའི་རོང་ལ་གཡུགས།
བྱིའུ་ཆུང་འཇོལ་མོ་གང་དགའ་གང་སྐྱིད་ཡིན།
བྱིའུ་ཆུང་འཇོལ་མོ་གང་དགའ་གང་སྐྱིད་ཡིན།
滚动歌词贡献者:岗•拉贵