作词 : 岗•拉贵
作曲 : 岗•拉贵
编曲 : 岗•拉贵
༼བརྩེ་དུང་གི་གསང་་འཕྲིན།༽
ཚིག་ རྭ་སྒྲེང་སྐལ་བཟང་ནས་བསྒྱུར་བསྡུ་བྱས།།
གདངས་ དམངས་གཞས།།
གཞས་པ་གཞས་མ་ རྭ་སྒྲེང་སྐལ་བཟང་ / ཆོས་འཛོམས།།
དྲྭ་ཐོག་སྒྲིག་བཟོ་འགྲེམ་སྤེལ་ སྒང་·ལྷག་རྒོད།།
བུ་ :རྭ་སྒྲེང་སྐལ་བཟང།།
བུ་མོ་ཁྱོད་རང་ལ་མོའི་ཕར་ནང།།
བུ་ཆུང་ང་རང་ལ་མོའི་ཚུར་ནང།།
བལྟ་རེས་མཐོང་རེས་མེད་པས།
སེམས་པའི་ཡིག་ཆུང་ཡང་ཡང་སྐུར་རོགས།།
སེམས་པའི་ཡིག་ཆུང་ཡང་ཡང་སྐུར་རོགས།།
ལས་དང་ལས་འགྲོ་ཡོད་ན།།
འཛོམས་པའི་དུས་ཤིག་ཤར་ཡོང།།
ནམ་ཞིག་འཛོམས་པའི་དུས་ལ།།
མི་ཁའི་བར་ཆད་མ་གཏོང་རོགས།།
བོད་གཞས་གསན་པར་ཐུགས་རྗེ་ཆེ།།
འགྲེམ་སྤེལ་ སྒང་·ལྷག་རྒོད།།
བུ་མོ་:ཆོས་འཛོམས།།
བུ་ཆུང་ཁྱེད་རང་ས་མཐའ་བསྐོར་ནས་སོང།།
བུ་མོ་ང་རང་རང་ཡུལ་འདི་ནས་སྒུག།།
ཡུན་རིང་སྒུག་པའི་བུ་ཆུང་ཁྱེད་རང།།
ད་ལོ་མཇལ་འཛོམས་ཡོང་བའི་སྨོན་ལམ་ཞུ།།
ད་ལོ་མཇལ་འཛོམས་ཡོང་བའི་སྨོན་ལམ་ཞུ།།
ལས་དང་ལས་འགྲོ་ཡོད་ན།།
འཛོམས་པའི་དུས་ཞིག་ཤར་ཡོང།།
ནམ་ཞིག་འཛོམས་པའི་དུས་ལ།།
མི་ཁའི་བར་ཆད་མ་གཏོང་རོགས།།
࿄࿄࿄࿄࿄࿄࿄࿄
བུ་དང་བུ་མོ་མཉམ་གཞས་ རྭ་སྒྲེང་སྐལ་བཟང་ / ཆོས་འཛོམས།།
ཁྱེད་དང་ང་གཉིས་མཉམ་དུ་མེད་ན་ཡང།།
སེམས་དང་བསམ་པ་ནམ་ཡང་མཉམ་དུ་ཡོད།།
ལས་དབང་བཙན་པོའི་རླུང་ནག་ཁྲོད་དུ།།
བརྩེ་བ་འགྱུར་མེད་ང་གཉིས་མཉམ་དུ་འགྲོ།།
བརྩེ་བ་འགྱུར་མེད་ང་གཉིས་མཉམ་དུ་འགྲོ།།
སེམས་དང་སེམས་པ་མཐུན་ན།།
མི་ཚེ་སྐྱིད་ཀྱི་གཞི་མ།།
ཆུ་དང་ཉ་མོའི་བརྩེ་དུང།།
བར་ཆད་མེད་པའི་སྨོན་ལམ།།
བར་ཆད་མེད་པའི་སྨོན་ལམ།།
滚动歌词贡献者:岗·拉贵