རྩེད་མགོ
ཚིག དབུ་རི་ཕྱུག་མོའི་བུ་རྒྱུད།
དབྱངས་བསྒྱུར་བཟོ་་གདུགས་དཀར་རྒྱལ་
ལེན་མཁན་་གདུགས་དཀར་རྒྱལ།
ངའི་རྩེད་མགོ་ལེན་ན་རྩེད་མགོ་ལེན།།
དགོང་ཨ་སྔོན་དེང་མ་ཆགས་ཚུལ་ལེན།།
ཆར་བསིལ་མ་ས་ལ་བབ་ཚུལ་ལེན།།
ཞིང་འབྲུ་དྲུག་ལོ་ཡག་རྒྱས་ཚུལ་ལེན།།
ངའི་རྩེད་མགོ་ལེན་ན་རྩེད་མགོ་ལེན།།
སྡེ་ཆེན་པོ་དེང་མ་ཆགས་ཚུལ་ལེན།།
བུ་བུ་མོར་ལ་གཞས་དར་ཚུལ་ལེན།།
གླུ་བླངས་ནས་སྣང་བ་མཐུན་ཚུལ་ལེན།།
ངའི་རྩེད་མགོ་ལེན་ན་རྩེད་མགོ་ལེན།།
སྡེ་བརྒྱུད་ལེ་དེང་མ་ཐུག་ཚུལ་ལེན།།
ཚིག་བཤད་ལེ་སྣང་བ་མཐུན་ཚུལ་ལེན།།
སེམས་སྐྱ་མོར་དྲན་ཤིང་བཞག་ཚུལ་ལེན།།
ངའི་རྩེད་མགོ་ལེན་ན་རྩེད་མགོ་ལེན། །
སྟག་ཤར་རིའི་སྡེ་རི་བརྒྱུད་ཚུལ་ལེན།།
སྨན་བུ་མོའི་སྡེ་ནས་བསྒུགས་ཚུལ་ལེན།།
རོགས་དྲན་ནས་ཡིད་སེམས་སྨྲེང་ཚུལ་ལེན།།