作曲 : 德格加DGJ
ཞེན
སེམས་ལ་བསམ་པའི་བུ་མོ།།
དམར་ཆུང་སྙིང་དང་འདྲ་ལེ།།
ལས་འཕྲོའི་ལམ་ཆུང་སྟེང་གི།།
མི་ཚེ་སྐྱེལ་རོགས་བྱོས་དང།།
དབྱར་ཟླ་ཞིག་གི་ཕྱི་ཐག།།
མི་ཚེ་གཅིག་གི་དྲན་ཤིང།།
ལས་དབང་ཡོད་ན་མེད་ན།།
སྨོན་ལམ་བཏབ་པ་འཆུག་མེད།།
དམ་ཚིག་རྡོ་རྗེ་མདུད་པ།།
གསེར་ནག་རིལ་བུ་འདྲ་ལེ།།
སང་གི་སྐྱ་རེངས་འགྱོག་དུས།།
མིག་གི་སྐར་ཆེན་གསལ་དགོས།།
མི་ཚེ་བཤད་ན་རིང་འགྲོ།།
ལོ་ཟླ་གཟས་ན་དལ་འགྲོ།།
འདང་གི་ཆེ་ཆུང་བཤད་ན།།
ཚེ་ཡི་རིང་ཐུང་ཚད་རེད།།