作曲 : 德格加DGJ
ལས་མེད་ནོ་སུས་ར་ཤེས་ཀི
ངའི་དྲིན་ཆེན་ཕ་མོ་མ་ལོས།།
གཞི་འཁོར་བ་འཛིན་དགོས་ཟེར་གི།
ཁྱིམ་ཆུང་མ་བཙལ་དགོས་ཟེར་གི།
བདེན་ངོ་མ་ཕ་མ་ལོས་བདེན།།
བཀའ་ཅི་གསུང་དང་ལ་ལོས་ལེན།།
དེ་ཡིན་རུང་སྙིང་མཐུན་རྩེད་ཡ།།
བརྗེད་ཐུབ་པའི་ཐབས་ཤིག་མེད་ཀི།
འདང་ཞེ་བརྩེ་ཡིད་ལ་ཡོང་ན།།
ཤ་མཆིན་པའི་སྟེང་འོག་བརྗེ་གི།
རོགས་ཆུང་ལོའི་བཤད་པའི་ཚིག་གསུམ།།
དེས་བཤད་པ་དེ་ར་བདེན་གི།
ལས་མེད་ནོ་སུས་ར་ཤེས་ཀི
དྲིན་ཕ་ལོ་མ་ལོ་གཉིས་ཀས།།
ང་བསམ་གི་ཡོད་ནོ་ཤེས་གི།
ཁྱིམ་འཁོར་བ་འཛིན་རྒྱུའི་དོན་དག།
ཚེ་གཅིག་གི་ཡིན་ནོ་བདེན་གི།
་ ་ ་ ་
གཞི་འཁོར་བའི་གྲང་འཁྱག་བར་ནས།།
ང་ཡོད་ནོ་ཕ་མ་གཉིས་རེད།།
དེ་གཉིས་ཀྱི་སེམས་ཁ་གསོད་རྒྱུ།།
འདང་རྒྱབ་ན་དེ་ཡང་དཀའ་གི།
དྲིན་ཕ་མ་རྒྱབ་ཀྱིས་བསྐྱུར་ན།།
རི་སྡེ་བའི་མི་ཁས་འུར་གི།
ས་སྡེ་ཆེན་སྡེ་ཆུང་བར་ནས།།
ངའི་ཁྲ་ཆུང་མིག་གི་དོ་ཡ།།
རོགས་ཆུང་ལོའི་ཁ་སེམས་གསོད་རྒྱུ།།
འདང་རྒྱབ་ན་དེ་ཡང་དཀའ་གི།
རོགས་ཆུང་ལོའི་བསམ་པ་རྟོགས་ན།།
འདང་རྒྱབ་པའི་དུས་ཚོད་ད་རེད།།
ངའི་དྲིན་ཆེན་ཕ་ལོ་མ་ལོའི།།
བཀའ་ཅི་གསུང་ཡོད་ན་ཡ་ཟེར།།
ངའི་ཞེ་མཐུན་ཆུང་འདྲིས་དགའ་ལོས།།
ཚིག་ཅི་ཞིག་བཤད་ན་དེ་ཡིན།།