作词 : 民间
作曲 : 白玛
编曲 : 巴次/极地音符发布
ཕ་མ་སྐྱོང་བའི་བུ་ཕྲུག
གཞས་ཚིག དམངས་འཁྲོད།
གཞས་གདངས། པདྨ།
གཞས་པ། པ་ཚེ།
དྲྭ་ཐོག་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།
རི་མཐོན་པོའི་ཁ་མདོག་སེར་ནོ་གན།
དགུན་རྒྱ་སྟག་འདྲ་མོ་ཐོན་རྟགས་རེད།།
རྟ་ནོར་ལུག་འཚོ་བའི་ཕྱུགས་བདག་ཚོ།།
ཕྱུགས་བདའ་སྐོར་མ་བྱེད་འཚོ་དུས་རེད།།
ཡ་ལ་ནས་བསྭོ།
རྟ་ནོར་ལུག་འཚོ་བའི་ཕྱུགས་བདག་ཚོ།།
ཕྱུགས་བདའ་སྐོར་མ་བྱེད་འཚོ་དུས་རེད།།
ཕྱུགས་བདའ་སྐོར་མ་བྱེད་འཚོ་དུས་རེད།།
ཤིང་སིལ་ཏོག་ལོ་མ་སེར་ནོ་གན།།
དགུན་རྒྱ་སྟག་འདྲ་མོ་ཐོན་རྟགས་རེད།།
འབྲུ་སྣ་ལྔ་འདེབས་པའི་ཞིང་བདག་ཚོ།།
ཉིན་རིང་བརྒྱ་མ་གཏོང་བསྡུ་ཚད་རེད།།
ཡ་ལ་ནས་བསྭོ།
འབྲུ་སྣ་ལྔ་འདེབས་པའི་ཞིང་བདག་ཚོ།།
ཉིན་རིང་བརྒྱ་མ་གཏོང་བསྡུ་ཚད་རེད།།
ཉིན་རིང་བརྒྱ་མ་གཏོང་བསྡུ་ཚད་རེད།།
ཡུལ་ཕ་མའི་སེམས་རྒྱ་ཆུང་ནོ་གན།།
མི་རྒས་ནས་ལོ་ཚོད་ལོན་རྟགས་རེད།།
དྲིན་ཕ་མ་སྐྱོངས་བའི་བུ་ཕྲུག་ཚོ།།
ཁ་ཚིག་ལོག་མ་རྒྱག་གཉོར་ཚད་རེད།།
ཡ་ལ་ནས་བསྭོ།
དྲིན་ཕ་མ་སྐྱོང་བའི་བུ་ཕྲུག་ཚོ།།
ཁ་ཚིག་ལོག་མ་རྒྱག་གཉོར་ཚད་རེད།།
ཁ་ཚིག་ལོག་མ་རྒྱག་གཉོར་ཚད་རེད།།
ངའི་ཆོལ་གསུམ་ཁ་བའི་སྤུན་ཟླ་ཚོ།
རིགས་རུས་པ་གཅིག་གི་སྤུན་ཟླ་རེད།
རུས་གཞུང་རྒྱུས་དྲངས་བའི་སྤུན་ཟླ་ཚོ།
ལས་བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག
ཡ་ལ་ནས་བསྭོ།
རུས་གཞུང་རྒྱུས་དྲངས་བའི་སྤུན་ཟླ་ཚོ།
ལས་བསམ་དོན་འགྲུབ་པའི་བཀྲ་ཤིས་ཤོག