作词 : 索南旦尕
作曲 : 穆啦才让
ལས་དབང་འདི།
ཁྱོད་རང་གང་དུ་ཡོད་སེམས་སུ་ཉལ་འདུག
ང་ནི་ཁྱོད་ཀྱི་ནང་སེམས་ན་དཀྲོལ་པའི།
དབྱངས་ཀྱི་རྒྱུད་སྐུད་ཕྲ་མོ།
ནམ་ཞིག་ལ་ང་ཁྱོད་ཀྱི་གམ་དུ་ལོག་ན།
ངའི་ཡིད་སེམས་ཀྱི་དྲན་པ་ཁྱོད་ཡིན།
ངའི་ཚེ་སྲོག་གི་དབྱངས་རྟ་ཁྱོད་ཡིན།
ལས་དབང་གི་ལྷ། བུད་མེད་བདེ་གཡང་།
ང་ཁྱོད་ཀྱི་དོན་དུ་སྐྱེས་པ་མིན་རུང་།
ང་ཁྱོད་ཀྱི་དོན་དུ་འགྲོ་དགོས་ལ་བྱུང་།
ཡ་ཆུང་གི་སྲོག དམར་ཆུང་གི་སྙིང་།
ཚེ་ད་རེས་འུ་གཉིས་ལས་དབང་མེད་ཀྱང་།
སྐྱེ་གཞུག་མ་སྨོན་ལམ་མཉམ་དུ་བཏབ་ཡོད།
ལས་དབང་འདི།
ཁྱོད་ཀྱི་འཇིག་རྟེན་ནས་གང་དུ་ཆས་ཀྱང་།
ང་ནི་ཁྱོད་ཀྱི་མིག་ཀོང་ན་བཞད་པའི།
འདང་གི་མེ་ཏོག་དེ་ཡིན།
ནམ་ཞིག་ལ་ང་ཁྱོད་ཀྱི་གམ་དུ་བཅར་ཚེ།
ངའི་ཞེ་འདང་གི་མེ་རི་ཁྱོད་ཡིན།
ངའི་བརྩེ་དུང་གི་རྨང་རྡོ་ཁྱོད་ཡིན།
ལས་དབང་གི་ལྷ། བུད་མེད་བདེ་གཡང་།
ང་ཁྱོད་ཀྱི་དོན་དུ་སྐྱེས་པ་མིན་རུང་།
ང་ཁྱོད་ཀྱི་དོན་དུ་འགྲོ་དགོས་ལ་བྱུང་།
ཡ་ཆུང་གི་སྲོག དམར་ཆུང་གི་སྙིང་།
ཚེ་ད་རེད་ང་གཉིས་ལས་དབང་མེད་ཀྱང་།
ཚེ་ཕྱི་མ་སྨོན་ལམ་མཉམ་དུ་བཏབ་ཡོད།
ཡ་ཆུང་གི་སྲོག དམར་ཆུང་གི་སྙིང་།
ཚེ་ད་རེས་འུ་གཉིས་ལས་དབང་མེད་ཀྱང་།
སྐྱེ་གཞུག་མ་སྨོན་ལམ་མཉམ་དུ་བཏབ་ཡོད།