作词 : 巴次
作曲 : 改编
སྙིང་སྡུག་ལགས།
གཞས་ཚིག པ་ཚེ།
གཞས་གདྭངས། རྒྱ་གཞས་ལས་བཏུས།
གཞས་པ། པ་ཚེ།
ང་ཡི་སེམས་སྡུག་ཁྱེད་ཀྱི་ཆེད་དུ་བྱས།
ཁྱེད་ཀྱི་བརྩེ་དུང་དྲན་ནས་ཆི་མ་ཤོར་།
ཁྱེད་ནི་བརྩེ་དུང་གཟབ་པའི་བུ་མོ་ཞིག
དེའི་ཕྱིར་ཁྱེད་ལ་ཧ་ཅང་དགའ།
བུ་ང་ཡི་སེམས་པ་ནམ་ཡང་འགྱུར་མེད།
ཨ་་་་་སྙིང་སྡུག་ལགས།
ཁྱེད་ནི་བརྩེ་དུང་གཟབ་པའི་བུ་མོ་ཞིག
དེའི་ཕྱིར་ཁོང་ལ་ཧ་ཅང་དགའ།
ང་ཡི་སྙིང་ཏམ་ཁྱེད་ཀྱི་ཆེད་དུ་གླེང་།
ཁྱེད་ཀྱི་སྙིང་གཏམ་ཐོས་ནས་སེམས་སྡུག་བྱས།
ཁྱེད་ནི་གཤིས་རྒྱུད་བཟང་བའི་བུ་མོ་ཞིག
དེའི་ཕྱིར་ཁྱེད་ལ་ཧ་ཅང་དགའ།
བུ་ང་ཡི་སེམས་པ་ནམ་ཡང་འགྱུར་མེད།
ཨ་་་སྙིང་སྡུག་ལགས།
ཁྱེད་ནི་གཤིས་རྒྱུད་བཟང་བའི་བུ་མོ་ཞིག
དེའི་ཕྱིར་ཁྱེད་ལ་ཧ་ཅང་དགའ།
ང་ཡི་དམ་བཅའ་ཁྱེད་ཀྱི་ཆེད་དུ་བཞགས།
ཁྱེད་ཀྱི་དམ་བཅའ་དྲན་ནས་བརྩེ་བ་ཤོར་།
ཁྱེད་ནི་ངང་རྒྱུད་རིང་བའི་བུ་མོ་ཞིག
དེའི་ཕྱིར་ཁྱེད་ལ་ཧ་ཅང་བརྩེ།
བུ་ང་ཡི་སེམས་པ་ནམ་ཡང་འགྱུར་མེད།
ཨ་་་་སྙིང་སྡུག་ལགས།
ཁྱེད་ནི་ངང་རྒྱུད་རིང་བའི་བུ་མོ་ཞིག
དེའི་ཕྱིར་ཁྱེད་ལ་ཧ་ཅང་བརྩེ།
贡献:极地音符