作词 : 马阿鲁
作曲 : 马阿鲁
ཨ་རོ་ཁམས་པ།
ཨ་རོ་ལ་ཁམས་པ། ང་ཡི་ཕ་ཡུལ།
ཕ་ཡུལ་ཨ་མདོ་ཆབ་མདོ་རེད།
ཁམས་ཕྲུག་ང་མི་སྡོད་ཁམས་ཕྲུག་ང་སོང་།
ཁམས་ཕྲུག་ང་སྟོད་མངའ་རིས་ཡུལ་ལ་སོང་།
འགྲོགས་བསམ་པའི་རྟ་ཕོ་ང་ལ་མེད། ང་ལ་མེད།
རྐང་ལྷམ་ཆུང་བྱུང་ན་རྟ་ཕོ་རེད། རྟ་ཕོ་རེད།
སྡོད་བསམ་པའི་གནས་མོལ་ང་ལ་མེད། ང་ལ་མེད།
ཆུ་མེ་ཤིང་བྱུང་ན་གནས་མོལ་རེད། གནས་མོལ་རེད།
ཡ་རེ་ལོ། གངས་ཏི་སེ་རི་བོ་མཇལ་ནས་སོང་།
མགོ་ཝ་ཞྭ་ཕུད་ནས་ཕྱག་གསུམ་འཚལ།
ངའི་རུས་པ་ཨ་དཀར་ས་རྡོ་རེད། ས་རྡོ་རེད།
ས་གང་སར་འཐོར་འགྲོ་ཆ་མེད་རེད།