作词 : 云纹
作曲 : 德白
编曲 : 谢尔巴
录音:谢尔巴
后期: 谢尔巴
ཨ་རོགས་ལ་ཁམས་པ་ནང་ལ་ཆང་གསོལ་རོགས།
ཕ་ཡུལ་རྨ་ཆུའི་མགོ་ཁུངས།
ཨེ་མ་ཡར་འཁྱིལ་བསོ་ཡར་རེ་ལོ།
མཚོ་མོ་སྟོང་གི་ཕ་ས།
མེ་ལོང་ས་ལ་ལྷུང་འདྲ།
ནང་ལ་ཆང་གསོལ་རོགས།
མཚོ་མོ་སྐྱ་སྔོ་གྲོ་གསུམ།
ནང་ལ་ཆང་གསོལ་རོགས།
ཨ་རོགས་ལ་ཁམས་པ་ནང་ལ་ཆང་གསོལ་རོགས།
ཕ་ཡུལ་གླིང་དཀར་སྟོད་པ།
ཨེ་མ་ཡར་འཁྱིལ་བསོ་ཡར་རེ་ལོ།
སྟག་ཤར་དཔལ་རྩལ་རྒྱས་ས།
སྨན་ཆུང་སྐྱེ་གཟུགས་ཡག་པ།
ནང་ལ་ཆང་གསོལ་རོགས།
དགའ་སྤྲོ་དཔལ་ལ་རོལ་སོང་།
ནང་ལ་ཆང་གསོལ་རོགས།
ཨ་རོགས་ལ་ཁམས་པ་ནང་ལ་ཆང་གསོལ་རོགས།
འབྲོང་ཁྱུ་སྤྲིན་པ་འདྲེས་སོང་།
ཨེ་མ་ཡར་འཁྱིལ་བསོ་ཡར་རེ་ལོ།
ཉི་ཟླ་རྣ་ལུང་བྱེད་ས།
ནོར་ལུག་སྐར་ཚོགས་བཀྲ་ཡོད།
ནང་ལ་ཆང་གསོལ་རོགས།
བུ་ངའི་ལྟེ་ཁྲག་འཕོས་ས།
ནང་ལ་ཆང་གསོལ་རོགས།
ནོར་ལུག་སྐར་ཚོགས་བཀྲ་ཡོད།
ནང་ལ་ཆང་གསོལ་རོགས།
བུ་ངའི་ལྟེ་ཁྲག་འཕོས་ས།
ནང་ལ་ཆང་གསོལ་རོགས།
ནང་ལ་ཆང་གསོལ་རོགས།