作词 : 仓央嘉措
作曲 : 德白
编曲 : 刘超洋
录音:许文君
ཨ་རོགས་ལ་ཁམས་པ་ནང་ལ་ཆང་གསོལ་རོལ།
དབྱར་ཁའི་སྤང་ལ་སྐྱེས་བྱུང་།
ཨེ་མ་ཡང་གཅིག་གསོལ། ཡ་རེ་ལོ།
སྤང་ལ་མེ་ཏོག་འཁྲུངས་བྱུང་།
སྐྱིད་པོ་རང་ཡུལ་ཕྱོགས་ལ།
ནང་ལ་ཆང་གསོལ་རོལ།
སྐྱིད་པོ་རང་ཡུལ་ཕྱོགས་ལ།
ནང་ལ་ཆང་གསོལ་རོལ།
ཨ་རོག་ལ་ཁམས་པ་ནང་ལ་ཆང་གསོལ་རོལ།
ཡར་འགྲོ་གཡུ་མཚོ་ཁ་ནས།
ཨེ་མ་ཡང་གཅིག་གསོལ། ཡ་རེ་ལོ།
ངང་བའི་ངང་ཕྲུག་ཁྲིད་སོང་།
ངང་ཕྲུག་ཨ་་མ་འབོད།
ང་རང་ཨ་མ་དྲན་བྱུང་།
ངང་ཕྲུག་ཨ་་མ་འབོད།
ང་རང་ཨ་མ་དྲན་བྱུང་།
ཨ་རོགས་ལ་ཁམས་པ་ནང་ལ་ཆང་གསལ་རོལ།
གསེར་གྱི་མདུན་ཅོག་སྟེང་ན།
ཨེ་མ་ཡང་གཅིག་གསོལ། ཡ་རེ་ལོ།
སྒྲ་མཁན་ཨ་བུ་ནེ་ཙོ།
རྒྱ་སྐད་སོག་སྐད་མ་བཤད།
ང་རང་ཕ་ཡུལ་དྲན་བྱུང་།།
རྒྱ་སྐད་སོག་སྐད་མ་བཤད།
ང་རང་ཕ་ཡུལ་དྲན་བྱུང་།།
རྒྱ་སྐད་སོག་སྐད་མ་བཤད།
ང་རང་ཕ་ཡུལ་དྲན་བྱུང་།།
རྒྱ་སྐད་སོག་སྐད་མ་བཤད།
ང་རང་ཕ་ཡུལ་དྲན་བྱུང་།།