作词 : 巴次
作曲 : 巴次
编曲 : 巴次
སྨོན་ལམ།
གཞས་ཚིག པ་ཚེ།
གཞས་གདངས། པ་ཚེ།
གཞས་པ། པ་ཚེ།
དྲྭ་ཐོག་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།
དགུང་སྔོན་དབྱིངས་སུ་བཞུགས་པའི།
ཁྲི་གདུགས་ཉི་མའི་དཀྱིལ་འཁོར།
སྤྲིན་པའི་ལྷན་པ་མེད་ན།
དྭངས་བའི་དུས་ཤིག་ཤར་ཡོང་།
ཨ་ཧ་་་ཁྲི་གདུགས་ཀྱི་ཉི་མ། ཨ་ཧ་་་ཁྲི་གདུགས་ཀྱི་ཉི་མ།
སྤྲིན་པའི་ལྷན་པ་མེད་ན།
དྭངས་བའི་དུས་ཤིག་ཤར་ཡོང་།
གཡང་ཁྱིམ་གྲུ་བཞི་ནང་གི།
ང་ཡི་དྲིན་ཆེན་ཕ་མ།
ཚེ་རིང་ལོ་བརྒྱ་ཐུབ་པའི།
སྨོན་ལམ་བུ་ངས་བཏབ་ཡོད།
ཨ་ཧ་་་དྲིན་ཆེན་ཕ་མ། ཨ་ཧ་་་དྲིན་ཆེན་ཕ་མ།
ཚེ་རིང་ལོ་བརྒྱ་ཐུབ་པའི།
སྨོན་ལམ་བུ་ངས་བཏབ་ཡོད།
སེམས་དང་བསམ་པ་མཐུན་པའི།
ང་ཡི་ཆུང་དྲིས་བྱམས་པ།
ཁྱེད་སེམས་འགྱུར་བ་མེད་ན།
ང་སེམས་གཏན་ནས་འགྱུར་མེད།
ཨ་་ཧ་་་ཆུང་དྲིས་བྱམས་པ་་་ཨ་ཧ་ཆུང་དྲིས་བྱམས་པ།
ཁྱེད་སེམས་འགྱུར་བ་མེད་ན།
ང་སེམས་གཏན་ནས་འགྱུར་མེད།