编曲 : 巴次/极地音符发布
དབྱར་སྐྱིད་ཕྲ་མོ།
ཚིག་གདངས། དམངས་འཁྲོད།
གླུ་བ། པ་ཚེ།
ཡིག་བསྒྱུར། མཐོ་སྒང་གི་དབྱངས་རྟ།
དབྱར་སྐྱིད་ཕྲ་མོ་སོ།
ལྷ་ས་ལ་ནི་ལྷ་ས་སྐྱིད་པ་ལ།
འདི་ལས་ཨེ་ལ་ལྷ་ཀླུ་སྐྱིད་པ་ལ་ཟེར་ན།
འདི་འདྲའི་ཉམས་བཟང་ལ།
འདི་ལས་ཨེ་ལ་ལྷ་ཀླུ་སྐྱིད་པ་ལ་ཟེར་ན།
འདི་འདྲའི་ཉམས་བཟང་ལ།
དབྱར་སྐྱིད་ཕྲ་མོ་སོ།
ལྷ་ས་ཨ་ལ་ནི་ལྷ་ཀླུ་བར་ལ།
འདི་ལས་ཨེ་ལ་ཀླུ་ཁང་སྐྱིད་པ་ལ་ཟེར་ན།
འདི་འདྲའི་ཉམས་བཟང་ལ།
འདི་ལས་ཨེ་ལ་ཀླུ་ཁང་སྐྱིད་པ་ལ་ཟེར་ན།
འདི་འདྲའི་ཉམས་བཟང་ལ།
དབྱར་སྐྱིད་ཕྲ་མོ་སོའི།
གཡས་ལ་ཨ་ལ་ནི་བཀའ་འགྱུར་བཞག་ཡོད།
གཡོན་ལ་ཨ་ལ་བསྟན་འགྱུར་བཞག་ཡོད་ལ་ཟེར་ན།
འདི་འདྲའི་ཉམས་བཟང་ལ།
གཡོན་ལ་ཨ་ལ་བསྟན་འགྱུར་བཞག་ཡོད་ལ་ཟེར་ན།
འདི་འདྲའི་ཉམས་བཟང་ལ།
དབྱར་སྐྱིད་ཕྲ་མོ་སོ།
བཀའ་འགྱུར་ལ་ནི་བསྟན་འགྱུར་བར་ལ།
ཆོས་ཀྱི་ཨེ་ལ་རྩ་བ་ཚུགས་ཡོད་ལ་ཟེར་ན།
འདི་འདྲའི་ཉམས་བཟང་ལ
ཆོས་ཀྱི་ཨེ་ལ་རྩ་བ་ཚུགས་ཡོད་ལ་ཟེར་ན།
འདི་འདྲའི་ཉམས་བཟང་ལ།།
འདི་འདྲའི་ཉམས་བཟང་ལ།