作词 : གཞས་ཚིག གོ་གསོས་སྨན།
作曲 : 德白
གཞས་ཚིག གོ་གསོས་སྨན།
གཞས་གདངས བདུད་་བྷེ
གཞས་པ། གཅོད་པ།
ཚོགས་གཉིས་ཕ་མཐར་ཕྱིན་པའི་ཀློང་ཆེན་དུ།།
དག་པ་གཉིས་ཀྱི་ཆོས་དབྱིངས་མངོན་གྱུར་ཀྱང་།།
མ་དག་འཁོར་བའི་གདུལ་བྱ་འདྲེན་པའི་ཕྱིར།།
ཨོ་རྒྱན་ཡུལ་དུ་འཁྲུངས་པའི་སློབ་དཔོན་དྲན།།
བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས།།
སྤྱན་དྲངས་ཞུས་ཏེ་བོད་ཀྱི་ཡུལ་དུ་ཕེབས།།
མ་རུང་ལྷ་སྲིན་ཐམས་ཅད་དམ་ལ་བཏགས།།
མཐུ་རྩལ་ཐོགས་མེད་ལྡན་པའི་སློབ་དཔོན་དྲན།།
བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་བཞེངས།།
བོད་ཕྲུག་ཤེས་རབ་ཅན་ལ་ལོ་ཙཱ་བསླབས།།
བཀའ་བསྟན་རིག་པའི་གླེགས་བམ་བོད་དུ་བསྒྱུར།།
ཤེས་རབ་སྤྱན་མིག་བསྩལ་བའི་སློབ་དཔོན་དྲན།།
གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཚོགས་དང་།།
དམར་སེར་རབ་ཏུ་བྱུང་བའི་འདུས་སྡེ་སྟེ།།
དགེ་འདུན་སྡེ་གཉིས་དར་ཞིང་རྒྱས་པར་མཛད།།
བསྟན་པའི་སྒོ་ཆེན་ཕྱེས་པའི་སློབ་དཔོན་དྲན།།
བཀའ་དྲིན་དྲན་ནོ་སློབ་དཔོན་པདྨ་འབྱུང་།།
བྱིན་གྱིས་རློབས་ཤིག་རྩ་གསུམ་འདུས་པའི་སྐུ།།
བདག་སོགས་འགྲོ་རྣམས་བྱང་ཆུབ་མ་ཐོབ་བར།།
གནས་སྐབས་ཀུན་ཏུ་འབྲལ་མེད་སྐྱོང་དུ་གསོལ།།
སློབ་དཔོན་པད་འབྱུང་དྲན་གླུ་ཐོས་པ་དོན་ལྡན།