编曲 : 巴次
ཆུང་བྱམས་པ།
ལེན་མཁན། པ་ཚེ།
དྲྭ་ཐོག་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།
ཆུང་བྱམས་པ་ལུག་ཁྱུའི་རྗེས་ན་ཡོད། །
ལུག་གཡང་དཀར་སྟོང་གི་རྫི་མོ་ཡིན། །
རྫ་རི་ལུང་མེད་པར་རྫི་གླུ་འགུགས། །
ངའི་ཡིད་ཀྱི་དྲན་པ་དེ་རུ་ཕྱོགས། །
ངའི་ཡིད་ཀྱི་དྲན་པ་དེ་རུ་ཕྱོགས། །
ངའི་ཡིད་ཀྱི་དྲན་པ་དེ་རུ་ཕྱོགས། །
ཆུང་བྱམས་པ་སྦྲ་ཡི་འདབས་ན་ཡོད། །
གཡང་འབྲི་མོ་བརྒྱ་ཡི་བདག་མོ་ཡིན། །
དགོང་སྔ་ཕྱི་མེད་པར་བཞོ་དབྱངས་འཐེན། །
ངའི་དམར་ཆུང་སེམས་པ་དེ་རུ་འཁྲེང་། །
ངའི་དམར་ཆུང་སེམས་པ་དེ་རུ་འཁྲེང་། །
ངའི་དམར་ཆུང་སེམས་པ་དེ་རུ་འཁྲེང་། །
ཆུང་བྱམས་པ་སྤང་གི་དཀྱིལ་ན་ཡོད། །
སྤང་མེ་ཏོག་ནང་གི་སེར་ཆེན་ཡིན། །
དབྱར་སྟོན་དཔྱིད་མེད་པར་བཞད་ནས་ཡོད། །
ངའི་སེམས་ཀྱི་རྟ་ཕོ་དེ་རུ་ཤོར། །
ངའི་སེམས་ཀྱི་རྟ་ཕོ་དེ་རུ་ཤོར། །
ངའི་སེམས་ཀྱི་རྟ་ཕོ་དེ་རུ་ཤོར། །