思念的歌
作词:益西平措
作曲:益西平措
དགུང་ཨ་སྔོན་རྟ་བདུན་མཐོང་དུས།།
当看见天上的太阳
ངའི་དད་པའི་བླ་མ་དྲན་བྱུང་།།
想起了我的恩师
ཁོང་རྣམས་གདམ་ངག་དེ་ཚོ།།
他们的谆谆教诲
གངས་ཅན་ཚོའི་སེམས་ནས་མ་བརྗེད།།
铭记于我们的心中
ནགས་ཁྲོད་ཀྱི་གངས་སེང་མཐོང་དུས།།
当看见林中的老虎
བསིལ་ལྗོངས་ཀྱི་མཁས་དབང་དྲན་བྱུང་།།
想起了雪域的先人
ཁོང་རྣམས་ཀྱི་མཛད་རྗེས་དེ་ཚོ།།
他们那不朽的功绩
གདོང་དམར་ཚོའི་སེམས་ནས་མ་བརྗེད།།
后人们永远记得
མ་མོ་ཡིས་ལུ་གུ་ཁྲིད་དུས།།
当母羊教小羊
ངའི་བརྩི་བའི་ཨ་མ་དྲན་བྱུང་།།
想起了我的慈母
མ་ཁྱེད་ཀྱི་ནུ་ཞོ་མངར་མོ།།
您那甘甜的乳汁
བུ་ང་ཡི་སེམས་ནས་མི་བརྗེད །།
儿子永远都不会记得
ཆོས་ཁང་གི་སྒྲོན་མེ་མཐོང་དུས།།
当看见那盏明灯
ངའི་བརྩི་དགེ་རྒན་དྲན་བྱུང་།།
想起了我的恩师
རྒན་ཁྱེད་ཀྱི་སློབ་གསོ་དེ་ཚོ།།
您的谆谆教诲
སློབ་གྲོགས་ཚོའི་སེམས་ནས་མ་བརྗེད།།
学子们永远铭记