作词 : 多杰贡嘎 /益西平措
作曲 : 益西平措
མི་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་དུ།།
在千万年前
འགྲོ་བ་མི་ལ་རྣམ་དཔྱོད་དམན་པའི་སྐབས།།
人类智力低谷期
ཁ་འབབ་ཆུ་བོ་རྣམ་བཞིའི་བཞུར་རྒྱུན་ལས།།
在河流处
གནའ་བོའི་སྤྲ་མི་འགའ་ཞིག་དེ་ན་སླེབས།།
几个古猿来此处
རི་བོ་གངས་དཀར་ཏི་སེའི་ཉེ་འདབས་སུ།།
在雪山脚下
སྟོན་པ་གཤེན་རབ་མི་བོ་ཟིལ་གྱིས་འཁྲུངས།།
诞下辛饶米沃
གཡུང་དྲུང་བོན་གྱི་བསྟན་པའི་གཟི་འོད་བཀྲ།།
拥忠苯耀光芒
སྒོ་བཞི་མཛོད་ལྔའི་གླེགས་བམ་དེ་ནས་བརྩིགས།།
无数典籍处于此
མཚོ་མོ་མ་ཕམ་གཡུ་མཚོའི་འགྲམ་ངོགས་སུ།།
在圣湖玛旁雍错边
ཁྱུང་ལུང་དངུལ་དཀར་དབུ་རྨོག་རི་ལས་མཐོ།།
灵鹫头颅堪比山高
ཞང་ཞུང་རྒྱལ་རབས་རིམ་བྱོན་ངོ་མཚར་ཆེ།།
象雄皇位更迭精彩
སྒོ་ཕུག་བར་གསུམ་སྟོབས་འབྱོར་དེ་ནས་རྒྱས།།
发扬光大于此
འཛམ་གླིང་རྩེ་ལ་འགྱིང་པའི་ཞིང་ཁམས་སུ།།
在世界屋脊的乐园
ལྷ་བླ་ཡེ་ཤེས་འོད་ཀྱི་མཛད་འཕྲིན་རྒྱས།།
圣人在忙忙碌碌
མཐོ་ལྡིང་གསེར་གྱི་ལྷ་ཁང་མངོན་པར་འཕགས།།
金碧辉煌的殿堂
གུ་གེ་རྒྱལ་པོའི་མངའ་ཐང་འདི་ནས་དར།།
古格王朝盛于此
ཁ་འབབ་ཆུ་བོ་རྣམ་བཞིའི་མགོ་ཁུངས་ཏེ།།
千万河流的源头
ཕྱི་ནང་འཇིག་རྟེན་མཛེས་པའི་དཔལ་དུ་འབར།།
里外的世界都很精彩
འབྲོག་ན་གཡང་ར་སྒོ་བཞིས་ལ་ལུང་ཁེངས།།
牧民牲畜漫山野
རོང་ན་འབྲུ་རིགས་སྣ་ལྔས་ས་གཞི་ཁྱབ།།
农民丰收粮食遍地
ཕ་ཡུལ་མངའ་རིས་གསེར་གྱི་གཞོང་པ་ན།།
在故乡阿里
གནའ་དེང་རིག་གནས་ཉི་མའི་འོད་ལ་བཅིབས།།
古今文化四处流传
མེས་པོའི་དབྱངས་རྟ་སྲིད་པའི་མཐའ་རུ་སྒྲོག །
祖先爱驹拴于此
ཕ་ས་ནོར་བུ་དགའ་འཁྱིལ་ཨེ་མ་ཧོ།།
颂扬美丽的故乡
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室
སྒྲ་སྙན་དཀྲོལ་མཁན། ཡེ་ཤེས་ཕུན་ཚོགས།
扎念弹奏: 益西平措