益西平措 - 标志
作词:益西平措
作曲:益西平措
གནས་ཆོས་ལྡན་གངས་རིར་ཞུགས་པ་ཡི།།
རིགས་འདི་ནི་གདོར་དམར་བོད་པ་ཡིན།།
ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ་རེད།།
མ་བྲག་སྲིན་སྲིན་མོའི་རྒྱུད་པ་རེད།།
རིགས་འདི་ལ་བྱམས་དང་སྙིང་རྗེ་ལྡན།།
དེ་ཕ་རྒྱུད་སོང་བའི་རྟགས་མཚན་རེད།།
རིགས་འདི་ལ་ཤ་ཟའི་སྡུག་རྩུབ་ལྡན།།
དེ་མ་རྒྱུད་སོང་བའི་རྟགས་མཚན་རེད།།
རིགས་འདི་ནི་གཞན་ཕན་ལྷག་བསམ་དཀར།།
དེ་ཆོས་སེམས་ཆེ་བའི་རྟགས་མཚན་རེད།།
རིགས་འདི་ལ་ཁེངས་དྲེགས་ང་རྒྱལ་ལྡན།།
དེ་ཨུ་ཚུགས་ཆེ་བའི་རྟགས་མཚན་རེད།།
རིགས་འདི་ལ་རང་གི་ཕ་སྐད་ཡོད།།
སྔོན་མེས་པོ་བློ་གྲོས་ཡངས་བའི་རྟགས།།
རིགས་འདི་ལ་གསར་སྐྲུན་གྲོང་ཁྱེར་མང།།
དེ་རྗེས་རབས་མཚན་རྩལ་རྫོགས་པའི་རྟགས།།