编曲 : 巴次/极地音符发布
ལང་ཚོའི་མེ་ལྕེ།
ཚིག། ཕུར་བུ་རབ་བརྟན།
གདངས། ཕུར་བུ་རབ་བརྟན།
གཞས་པ། པ་ཚེ།
ཡིག་བསྒྱུར། མཐོ་སྒང་གི་དབྱངས་རྟ།
དཔྱིད་ཀྱི་ལང་ཚོ་རྒྱས་པའི།
མཛེས་ལྡན་ཁ་བའི་གཞོན་ནུ།
སྔོ་ལྗང་སྤངས་ཤོང་འདི་རུ།
ཞབས་གཞས་སྐྱོན་པར་ཕེབས་དང་།
གཞས་ལ་ཐོགས་པ་མེད་པའི།
མཁས་ལེན་བུ་ངས་ཞུས་ཆོག
བུ་མོ་ལང་ཚོ་དར་བ།
གཞོན་སྐྱེས་དཔའ་རྩལ་འཛོམས་པ།
སེམས་དང་སེམས་པ་མཐུན་པའི།
ཡིད་ཀྱི་མཆོད་པ་ཕུལ་ཆོག
ཨ་ལ་ཡེའི།
དེང་རབས་གཞོན་ནུའི་ལང་ཚོ།
ཨ་ལ་ཡེའི།
སྤངས་ཤོང་འདི་རུ་ངོམ་དང་།
མཛེས་ལྡན་སྨན་ཆུང་བུ་མོས།
གཞས་ཀྱི་སྒོ་མོ་ཕྱེ་བྱུང་།
ང་ཚོ་སྟག་ཤར་གཞོན་པས།
གཞས་ལ་རམ་འདེགས་གནང་དང་།
དེ་རིང་བཞུགས་གྲལ་སྒོར་མོ།
གླུ་གར་རྒྱ་མཚོ་ཆགས་སོང་།
བཞུགས་གྲལ་འདི་ལ་འཁོར་བའི།
ཁ་བའི་ཕོ་གཞོན་མོ་གཞོན།
སེམས་དང་ཡིད་ཀྱི་མདུན་མ།
སེམས་ཀྱི་གཏིང་ལ་བཞགས་རོགས།
ཨ་ལ་ཡེའི།
ཡང་ནས་ཡང་དུ་མཇལ་བའི།
ཨ་ལ་ཡེའི།
དཀར་པོའི་མཇལ་དར་སྒྲོན་ཡོད།
བཞུགས་གྲལ་འདི་ལ་འཁོར་བའི།
ཁ་བའི་ཕོ་གཞོན་མོ་གཞོན།
སེམས་དང་ཡིད་ཀྱི་མདུན་མ།
སེམས་ཀྱི་གཏིང་ལ་བཞགས་རོགས།
ཨ་ལ་ཡེའི།
ཡང་ནས་ཡང་དུ་མཇལ་བའི།
ཨ་ལ་ཡེའི།
དཀར་པོའི་མཇལ་དར་སྒྲོན་ཡོད།
དཀར་པོའི་མཇལ་དར་སྒྲོན་ཡོད།