作曲 : 昂青冷智
编曲 : 昂青冷智
འཛོམས་པ་ཡག་སོང་།
ཉི་མ་བཟང་སོང་བཀྲ་ཤིས་གཡང་གི་ཉི་མ།།
སྐར་མ་ཡག་སོང་ཕུན་ཚོགས་དགེ་བའི་སྐར་མ༎
འཛོམས་པ་ལས་ཀྱི་རི་མོ་སྙིང་ལ་ཐེབས་པས༎
བྲལ་ཀྱང་འདུ་བའི་སྐལ་བ་དེ་རིང་ཤར་སོང་༎
རེ་བ་སྟོང་གི་ཕ་མཐའ་བརྩོན་པས་བརྟོལ་ཅིང་༎
ཤེས་རིག་ནོར་བུའི་ཕྲེང་བ་རྒྱན་ཏུ་ལོན་ནས༎
རྒྱལ་ཁའི་འཛུམ་དཀར་ལྷུག་ལྷུག་འདི་རུ་འཛོམས་པ༎
འོད་ཀྱི་ལམ་ཆེན་བསྙེགས་པའི་ལྟད་མོ་ཡིན་ནོ༎
ཨོ། འཛོམས་པ་ཡག་སོང་།
ལྷན་དུ་འཛོམས་པའི་མི་རྣམས་ཚེ་རིང་ལོ་བརྒྱ༎
solo~