编曲 : 巴次/极地音符发布
བརྩེ་དུང་གི་རྨ་ཁ།
ཚིག་རྩོམ་མཁན། རྫ་ཁུ་བྱུག
དབྱངས་རྩོམ་མཁན། རྭ་སྒྲེང་སྐལ་བཟང་།
ལེན་མཁན། པ་ཚེ།
ཡིག་བསྒྱུར། མཐོ་སྒང་གི་དབྱངས་རྟ།
དང་པོ་ཁྱེད་རང་མཐོང་མེད་ན། །
སེམས་པ་ཁྱེད་ལ་ཤོར་དོན་མེད། །
སེམས་པ་ཁྱེད་ལ་ཤོར་མེད་ན། །
ད་ལྟའི་དྲན་གདུང་འདི་འདྲ་མེད། །
བར་དུ་ཁྱེད་དང་འགྲིག་མེད་ན། །
ཕན་ཚུན་བརྩེ་བ་ཆགས་དོན་མེད། །
ཕན་ཚུན་བརྩེ་བ་ཆགས་མེད་ན། །
ད་ལྟའི་ཕངས་སེམས་འདི་འདྲ་མེད། །
མཐའ་མར་ཁྱེད་དང་འགྲོགས་མེད་ན། །
སེམས་ལ་རྨ་ཁ་བཟོ་དོན་མེད། །
སེམས་ལ་རྨ་ཁ་བཟོས་མེད་ན། །
ད་ལྟའི་ན་ཟུག་འདི་འདྲ་མེད། །