作曲 : 久巴
编曲 : 久巴
གངས་རིའི་དཔའ་རྒོད་ཀརྨ་པ།
གཞས་ཚིག ལོ་མ་དམར་པོ།
གཞས་གདངས། གཅོད་པ།
གཞས་པ། གཅོད་པ།
ཞི་བདེའི་རྒྱལ་སྲས་ཀརྨ་པ།།
བྱམས་བརྩེའི་ཐབས་ཀྱིས་འགྲོ་བ་སྐྱོང་།།
ཤེས་རབ་སྤྱན་གྱིས་ལེགས་ཉེས་འབྱེད།།
ཐབས་ཤེས་གསེར་གྱི་འཁོར་ལོ་འཛིན།།
ཨེ་མ། ང་ཡི་བླ་མ་ཕྲིན་ལས་རྡོ་རྗེ།
ཐབས་ཤེས་གསེར་གྱི་འཁོར་ལོ་འཛིན།
ཞི་བདེའི་རྒྱལ་སྲས་ཁྱེད་ཡིན།
གཙུག་གི་ནོར་བུ་ཁྱེད་ཡིན།
སེམས་ཀྱི་ཉི་མ་ཁྱེད་ཡིན།
སྐུ་ཚེ་བསྐལ་བརྒྱར་བཞུགས་རོགས།
གངས་རིའི་དཔའ་རྒོད་ཀརྨ་པ།།
རིགས་ཀྱི་བདེ་སྡུག་ཐུགས་ལ་ཉར།།
སྐད་དང་ཡི་གེའི་རྒྱུན་ཐག་འཛིན།།
ལྷག་བསམ་ཁ་བའི་མདངས་ལྟར་དཀར།།
ཨེ་མ། ང་ཡི་བླ་མ་ཕྲིན་ལས་རྡོ་རྗེ།
ལྷག་བསམ་ཁ་བའི་མདངས་ལྟར་དཀར།
རིགས་ཀྱི་དཔའ་རྒོད་ཁྱེད་ཡིན།
བོད་པའི་སྐྱབས་གནས་ཁྱེད་ཡིན།
ལས་ཀྱི་ལྷ་སྐལ་ཁྱེད་ཡིན།
སྐུ་ཚེ་བསྐལ་བརྒྱར་བཞུགས་རོགས།
འགྲོ་བའི་དེད་དཔོན་ཀརྨ་པ།།
སྐུ་ལ་ངུར་སྨྲིག་རྒྱལ་མཚན་འཛིན།།
གསུང་གི་ཆོས་སྒྲས་རྒྱལ་ཁམས་ཁྱབ།།
ཐུགས་ལ་བྱམས་བརྩེའི་འོད་སྣང་འབར།།
ཨེ་མ། ང་ཡི་བླ་མ་ཕྲིན་ལས་རྡོ་རྗེ།
ཐུགས་ལ་བྱམས་བརྩེའི་འོད་སྣང་འབར།
འགྲོ་བའི་དེད་དཔོན་ཁྱེད་ཡིན།
སྙིང་གི་ནོར་བུ་ཁྱེད་ཡིན།
དུས་ཀྱི་སྒྲོན་མེ་ཁྱེད་ཡིན།
སྐུ་ཚེ་བསྐལ་བརྒྱར་བཞུགས་རོགས།