作词 : 琼牛萨
作曲 : 白玛措
编曲 : 岗坚巴藏歌
འདང་གི་ཨ་ལོང་ཆ་འགྲིག
གཞས་ཚིག ཁྱུང་སྨྱུག་གསར།
གཞས་གདངས། པད་མ་མཚོ།
གཞས་པ། བཀྲ་ཤིས་རྡོ་རྗེ། པདྨ་མཚོ།
ཕོ།
གོམ་གསུམ་ལ་མོའི་ཕར་ནང་།།
མི་ཚེའི་གཏན་གྲོགས་ལུས་སོང་།།
བརྩེ་བའི་ཨ་ལོང་བརྒྱུད་ན།།
དུང་བའི་ཡང་ལོང་ཨེ་སྤྲད།།
ཡེ་་་འདང་གི་བུ་མོ། ཚེ་ཡི་སྐྱ་ཡ།
ཚིག་གསུམ་ཚུར་ལ་གསུངས་དང་།།
སེམས་པ་བདེ་ལ་འཁོད་ཡོང་།།
མོ།
རྒྱང་རིང་ས་མཐའི་གྲོང་གི།
ཨ་ཇོ་ཚེ་རིང་ལོ་བརྒྱའི།།
ཁ་ཚིག་ཙམ་ཞིག་མིན་ན།།
རེ་སྒུག་ལོ་ཟླར་མཐུད་ཆོག།
ཡེ་་་འདང་གི་བུ་ཆུང་། ཚེ་ཡི་སྐྱ་ཡ།
དམ་ཚིག་སྲུང་མདུད་ཕྲ་མོ།།
གཙང་པོའི་ཆུ་དང་འདྲེས་ཡོད།།
མོ།
གཏམ་དང་མི་ཁའི་ཀློང་དུ།།
ཚེ་ཡི་གཏན་གྲོགས་ལུས་སོང་།།
བརྩེ་བའི་སྙིང་གཏམ་བཤད་ན།།
དུང་བས་མི་སེམས་ཨེ་སྐྱོང་།།
ཡེ་་་འདང་གི་བུ་ཆུང་། ཚེ་ཡི་སྐྱ་ཡ།
ཚིག་གསུམ་ཚུར་ལ་གསུངས་དང་།།
སེམས་པ་བདེ་ལ་འཁོད་ཡོང་།།
ཕོ།
སྡེ་ཆེན་མི་ཁའི་ཀློང་གི།
ཨ་རོགས་སྨན་ཆུང་བུ་མོའི།།
ཁ་སེམས་མཐུན་པ་བྱུང་ན།།
མི་ཚེའི་འདུན་མ་བསུ་ཆོག།
ཡེ་་་འདང་གི་བུ་མོ། ཚེ་ཡི་སྐྱ་ཡ་
མ་བཤད་ཚིག་ཀྱི་ཕྲེང་བ།
སྙན་མོའི་ངག་གི་བླང་ཡོད།
མཉམ།
འདང་གི་ཨ་ལོང་ཆ་འགྲིག།
མ་བཅོས་ལས་ཀྱིས་འཛོམ་ན།།
འཇིག་རྟེན་འཁོར་བའི་གྲོང་ནས།།
སྐྱིད་སྡུག་མཉམ་མྱོང་བྱ་ཆོག།
ཡེ་་་འདང་གི་ཁྱེད་རང་། ཚེ་ཡི་སྐྱ་ཡ་
ཚེ་རབས་གཏན་གྱི་གྲོགས་དང་།།
མཐུན་པོར་ཡོང་བའི་སྨོན་ལམ།།