作词 : གཅན་ཚང་རིན་ཆེན་རྒྱལ།
作曲 : ཤེར་བསྟན།
编曲 : ཤེར་བསྟན།
ས་མཐའི་བུ་ཆུང་།
གཞས་པ། ཤེར་བསྟན།
ལོ་ད་ལོ་དཔྱིད་ཟླ་ཚེས་དུས་ན། །
སྟོད་ཕྱུགས་འགྲོགས་རྒད་པོ་རི་ན་ཡོད། །
རྟ་ནོར་ལུག་ཤ་ཤེད་རྒྱས་ན་བསམ། །
ཕྱུགས་འཕེལ་ཁ་རྒྱས་པའི་བཀྲ་ཤིས་ཤོག །
ལོ་ད་ལོ་དབྱར་ཟླ་ཚེས་དུས་ན། །
ང་བུ་ཆུང་ས་མཐའི་ཡུལ་ན་ཡོད། །
ལས་བསམ་དོན་བར་ཆད་མེད་ན་བསམ། །
བྱ་ཁ་ལས་དགེ་བའི་བཀྲ་ཤིས་ཤོག །
ལོ་ད་ལོ་སྟོན་ཟླ་ཚེས་དུས་ན། །
སྨད་ལོ་འབྲེག་བུ་མོ་རོང་ན་ཡོད། །
ཞིང་སྙེ་མའི་མགོ་བོ་ལྕི་ན་བསམ། །
འབྲུ་གཡང་ཁ་གང་བའི་བཀྲ་ཤིས་ཤོག །
ལོ་ད་ལོ་དགུན་ཟླ་ཚེས་དུས་ན། །
ནང་བཟའ་ཚང་ཐབ་རྩ་འཛོམས་ནས་ཡོད། །
སྡེ་ཕྱི་མཐུན་ནང་མཐུན་ཡོང་ན་བསམ། །
ལུས་ན་ཚ་མེད་པའི་བཀྲ་ཤིས་ཤོག །